The Treasury of Lives

བློ་གྲོས་བརྟན་པ་ནི་ལེགས་སྦྱར་གྱི་སྒྲ་རིག་པར་ཤིན་ཏུ་མཁས་པ་ཞིག་ཡིན་ལ། ཁོང་གིས་ལོ་ཙཱ་མཛད་པའི་བརྩམས་ཆོས་སྐོར་ཞིག་བཀའ་འགྱུར་དུ་བཞུགས་ཤིང་། གཞན་ཡང་ལེགས་སྦྱར་གྱི་སྒྲ་རིག་པ་དང་སྔགས་ཕྱོགས་སྐོར་ལའང་འགྲེལ་མང་དུ་མཛད་ཡོད་པ་རེད། ཁོང་ཉིད་ཕལ་ཆེ་བར་ས་སྐྱ་དང་ཚལ་གུང་ཐང་དགོན་དུ་བཞུགས་པ་དང་། བལ་ཡུལ་དུ་ཐེངས་བདུན་ནམ་བརྒྱད་ལ་སློབ་གཉེར་དུ་བྱོན། ཆོས་མངོན་པ་མཛོད་དང་རྔོག་ལུགས་ཀྱི་ཤེར་ཕྱིན་བརྒྱུད་པའི་བླ་མ་གཙོ་ཤོས་ཤིག་ཡིན། ཀློང་ཆེན་པ་དང་ས་སྐྱ་ཁྲི་འཛིན་བསོད་ནམས་རྒྱལ་མཚན་གཉིས་ལ་ལེགས་སྦྱར་ཁྲིད་མྱོང་ལ། ཕྱིས་སུ་བོ་དོང་ཨེ་དགོན་དུ་ཁྲི་པར་བཞུགས་ཏེ་གདན་ས་བསྐྱངས།


Thinlay Gyatso is an academic researcher at Lingnan University in Hong Kong. Born in Amdo and educated at Labrang and in India, he has published several translations, including An Undercover Journey Through Tibet, by Ajam (from Tibetan to English) and Bertrand Russel's On Education: Especially in Early Childhood (from English to Tibetan).

Published January 2013

དཔྱད་གཞིའི་ཡིག་ཆ་ཁག།

'Phrin las chos grags. 2010.Bod kyi lo tsA'i rigs lam rnam bshad blog sal 'jug ngogs zhes bya ba bzhugs so. Beijing:Krung go'i bod rig pa dpe skrun khang, pp. 335-338.

Dung dkar blo bzang 'phrin las. 2002.Dung dkar tsig mdzod chen mo.Beijing: Krung go'i bod rig pa dpe skrun khang, pp. 2276-2277.TBRC W26372

གང་ཟག་འདིའི་གསུང་རྩོམ་ཁག་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་སུ་འཚོལ།