ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་ནི་རྗེ་སྒམ་པོ་པའི་སློབ་མ་དང་། ཀརྨ་བཀའ་བརྒྱུད་ལས་གཞན་པའི་ད་ཡོད་དྭགས་པོ་བཀའ་བརྒྱུད་པ་ཕལ་ཆེ་བས་གཞི་འཛིན་སའི་ལུགས་ཕྱི་མོར་གཏོགས་པའི་སྐྱེས་ཆེན་ཞིག་ཡིན། ཁོང་དང་ཁོང་གི་སློབ་མ་ཁག་གཅིག་གི་སྐུ་ཚེའི་དུས་ཡུན་ནང་དེ་སྔ་དབེན་གནས་བྱ་བྲལ་ལས་གྲུབ་པའི་བཀའ་བརྒྱུད་པའི་སྡེ་དེ་ཉིད་དུ་དགེ་འདུན་པ་མང་པོ་དང་བས་འདུས་ཤིང་། རིམ་གྱིས་དགོན་སྡེ་སོགས་བཏབ་སྟེ་ཇེ་རྒྱས་སུ་འཕེལ། ཁོང་གིས་བཀའ་གདམས་པ་དང་། ས་སྐྱ་པ། དེ་བཞིན་དག་སྣང་བརྒྱུད་ཐོབ་པའི་ཞི་བྱེད་ཀྱི་ཆོས་སྐོར་རྣམས་བཀའ་བརྒྱུད་པའི་ཆོས་དང་གཅིག་ཏུ་བསྒྲིལ། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལྡན་པའི་སྐྱེས་ཆེན་འདིས་མཁས་པ་ལས་ཀྱང་གྲུབ་པ་གཙིགས་ཆེ་བར་གནང་། ཕྱི་ལོ་༡༡༥༨ ལོར་གདན་ས་ཐིལ་ཕྱག་བཏབ། རྗེ་འདི་ཉིད་ཀྱི་གསུང་འབུམ་ཆ་ཚང་ཉེ་ལམ་པར་སྐྲུན་ཟིན་ཡོད།
དཔྱད་གཞིའི་ཡིག་ཆ་ཁག།
Roerich, George, trans. 1996. The Blue Annals. 2nd ed. Delhi: Motilal Banarsidas, pp. 552-563.
Tucci, Giuseppe. 1956. To Lhasa and Beyond. Rome: Istituto poligrafico dello Stato, pp. 127-9.
Khenpo Könchog Gyeltsen. 1990. The Great Kagyu Masters. Ithaca: Snow Lion, pp. 204-19.
Khenpo Könchog Gyeltsen, 1986. Prayer Flags: The Life and Spiritual Teachings of Jigten Sumgön. Ithaca: Snow Lion, pp. 22-28.
'Jig rten mgon po. 2001. 'Gro mgon phag mo gru pa'i rnam thar nyam len rin chen mi zad pa rgya mtsho'i gter. In The collected works (bka' 'bum) of kham gsum chos kyi rgyal po thub dbang ratna sri (skyob-pa 'jig-rten-gsum-mgon). New Delhi: DrigungKagyu Ratna Shri Sungrab Nyamso Khang, vol. 3, p. 219-255.