The Treasury of Lives

འབྲི་གུང་ལོ་ཙཱ་བ་མ་ཎིཀ་ཤྲཱི་ཛྙཱ ན་ནི་རྗེ་དོལ་པོ་ པ་ཆོས་རྗེ་ཡབ་སྲས་བཅུ་ བཞིའི་ཡ་གྱལ་ཡིན་ཞིང་། རྒྱ་གར་སཾསྐྲྀཏ་ཡི་བརྡ་སྤྲོད་རི ག་གནས་སོགས་ལ་མཁས་པར་གྲགས། སྐུ་དར་མའི་དུས་ནས་བཀའ་བརྒྱུད་ འབྲི་གུང་དགོན་གྱི་གདན་ས་མཛད། དོལ་པོ་པའི་དྲུང་ནས་ཆོས་གསན་པའི ་རྗེས་སུ་འབྲི་གུང་ལོ་ཙཱ་བས་ གཞན་སྟོང་གི་ལྟ་བ་གཅེས་པར་བསྲུ ངས། ཇོ་ནང་ལུགས་ཀྱི་དུས་འཁོར་དང་འབྲེ ལ་བའི་ཆོས་རྒྱ་ཆེར་སྤེལ། སྐུ་ཚེ་སྨད་ལ་ཇོ་ནང་དགོན་དུ་ལོ་བརྒྱད་ཙམ་འགྲེ ལ་ཆེན་དྲི་མེད་འོད་འཆད་ཁྲིད་བསྐྱ ངས་ཏེ་འགྲོ་དོན་མཛད། 


Cyrus Stearns is a scholar based in Washington State, USA. He received his Ph.D. from the University of Washington in 1996.

Published August 2008

དཔྱད་གཞིའི་ཡིག་ཆ་ཁག།

Ggyal ba jo bzang dpal bzang po. 1992. Chos kyi rje kun mkhyen chen po yab sras bco lnga’i rnam thar nye bar bsdus pa ngo mtshar rab gsal. In The ’Dzam-thang Edition of the Collected Works (Gsung-’bum) of Kun-mkhyen Dol-po-pa Shes-rab rgyal-mtshan, Delhi: Shedrup Books, vol. 1: 559–629, pp. 589–93. The same work has also been published in Byang sems rgyal ba ye shes. 2004. Dpal ldan dus kyi ’khor lo jo nang pa’i lugs kyi bla ma brgyud pa’i rnam thar. Beijing: Mi rigs dpe skrun khang, 2004, 143–209.

Ngag dbang blo gros grags pa. 1992. Dpal ldan jo nang pa’i chos ’byung rgyal ba’i chos tshul gsal byed zla ba’i sgron me. Koko Nor: Krung go’i bod kyi shes rig dpe skrun khang, 1992, pp. 33–34.

གང་ཟག་འདིའི་གསུང་རྩོམ་ཁག་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་སུ་འཚོལ།