པད་གླིང་ཐུགས་སྲས་སྐུ་ཕྲེང་དང་པོ་ཟླ་བ་རྒྱལ་མཚན་ནི་པདྨ་གླིང་པའི་གདུང་སྲས་ཡིན་ལ། ཁོང་ནི་འབྲུག་ཡུལ་གྱི་རྙིང་མའི་བླ་མ་གྲགས་ཅན་ཞིག་ཡིན་ཅིང་། རྟ་མགྲིན་དང་ཤཱ་རིའི་བུ། ཨིན་དྲ་བྷུ་ཏི་བཅས་ཀྱི་རྣམ་སྤྲུལ་ཡིན་པར་གསུང་། ལྷུན་གྲུབ་བདེ་དབྱངས་དང་དགོངས་སྟོད་གསེར་གྱི་ལྷ་ཁང་སོགས་ཕྱག་བཏབ་ཅིང་། ཉིད་ཀྱི་གདུང་སྲས་རྒྱལ་སྲས་པདྨ་འཕྲིན་ལས་ནི་པདྨ་གླིང་པའི་བུ་སློབ་སྟེ་མཁན་ཆེན་ཚུལ་ཁྲིམས་དཔལ་འབྱོར་གྱི་སྤྲུལ་སྐུར་ངོས་བཟུང་པས། སྒང་སྟེང་སྐུ་ཕྲེང་དང་པོར་གྱུར་པ་རེད།
དཔྱད་གཞིའི་ཡིག་ཆ་ཁག།
Anon. 1978.Sprul pa'i sras mchog zla ba rgyal mtshan gyi rnam thar rin chen rgyan mdzes. InBka' thang mun sel sgron me. Sumra, H.P.: Urgyan Dorji.
Dge 'dun rin chen. 1976.Lho 'brug chos 'byung. Thimphu: Gges don zung 'jug grub pa'i dga' tshal.
Sgang steng sprul sku. 2009. Sgang steng gsang sngags chos gling dgon pa’i bla bgyud rim byon.