ངག་དབང་མདོ་རྒྱུད་ཡོན་ཏན་རབ་རྒྱས་ནི་སྟོང་འཁོར་སྐུ་ཕྲེང་བརྒྱད་པའི་མཚན་འཛིན་པའི་སྐུ་སྐྱེ་གཉིས་ཀྱི་ཡ་གྱལ་ཡིན་ཞིང་། ཁམས་སྟོང་འཁོར་བཀྲ་ཤིས་ལྷུན་པོ་དགོན་པར་བཞུགས། ཁོང་བློ་བཟང་མདོ་རྒྱུད་ཡེ་ཤེས་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་འཛིན་བྱུང་། སྟོང་འཁོར་སྐུ་ཕྲེང་བརྒྱད་པ་གཅིག་ཤོས་ནི་ཨ་མདོར་བཞུགས་པའི་བླ་མ་ཐུབ་བསྟན་འཇིགས་མེད་སྐལ་བཟང་ཞུ་བ་ཁོང་ཡིན།
དཔྱད་གཞིའི་ཡིག་ཆ་ཁག།
Anon. 2005 (1930). Stong 'khor zhabs drung bdun pa blo bzang mdo rgyud ye shes bstan pa'i rgyal mtshan du skyes pa'i rabs kyi le'u. In Stong 'khor zla ba rgyal mtshan sku phreng rim byon gyi rnam thar, pp. 313-355. Bejing: Krung go'i bod rig pa dpe skrun khang. TBRC W2CZ7868.