ཐང་པོ་ཆེ་ཀུན་དགའ་འབུམ་ནི་དོལ་པོ་པའི་བུ་སློབ་ཐུ་བོ་བཅུ་བཞི་གྲས་ཀྱི་ཡ་གྱལ་ཞིག་ཡིན་ལ། ཐོག་མར་ས་སྐྱའི་ལུགས་ལ་ཐོས་བསམ་མཛད། དོལ་པོ་པས་མཛད་པའི་བསྟན་པ་སྤྱི་འབྲེལ་ཡིད་ཀྱི་མུན་སེལ་མཇལ་བས། དད་པ་འཁྲུངས་ནས་ཐོག་མར་མཇལ། ཁོང་གིས་དོལ་པོ་པ་ལས་ཐོས་བསམ་རྒྱ་ཆེར་མཛད་ཅིང་། གསོ་རིག་ལག་ལེན་ལའང་ཉམས་མྱོང་ཐུན་མོང་མ་ཡིན་པ་འཐོབ། ཁོང་ནི་དུས་འཁོར་དང་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་རྒྱན་གྱི་འཆད་ཉན་སྤེལ་བ་ལ་ཤིན་ཏུ་མཁས་པར་གྱུར།
དཔྱད་གཞིའི་ཡིག་ཆ་ཁག།
Gyal ba jo bzang dpal bzang po. 1992.Chos kyi rje kun mkhyen chen po yab sras bco lnga'i rnam thar nye bar bsdus pa ngo mtshar rab gsal. InThe 'Dzam-thang Edition of the Collected Works (Gsung-'bum) of Kun-mkhyen Dol-po-pa Shes-rab rgyal-mtshan, Delhi: Shedrup Books, vol. 1: 559–629, pp. 602–605. The same work has also been published in Byang sems rgyal ba ye shes. 2004.Dpal ldan dus kyi 'khor lo jo nang pa'i lugs kyi bla ma brgyud pa'i rnam thar. Beijing: Mi rigs dpe skrun khang, 2004, 143–209.
Ngag dbang blo gros grags pa. 1992.Dpal ldan jo nang pa'i chos 'byung rgyal ba'i chos tshul gsal byed zla ba'i sgron me. Koko Nor: Krung go'i bod kyi shes rig dpe skrun khang, 1992, p. 34.