སྟག་ཚང་རས་པ་ངག་དབང་རྒྱ་མཚོ་ནི་འབྲུག་པ་བཀའ་བརྒྱུད་ཀྱི་དཔོན་རིགས་གཙོ་ཤོས་ཤིག་ཡིན་ལ། ལ་དྭགས་རྒྱལ་པོ་སེངྒེ་རྣམ་རྒྱལ་དང་ལྷན་དུ་ཡུལ་དེ་རུ་འབྲུག་པ་བཀའ་བརྒྱུད་ཀྱི་ལུགས་སྤེལ་བར་མཛད་པས། ལ་དྭགས་ཆོས་འབྱུང་ལོ་རྒྱུས་སུ་མི་སྣ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། ཁོང་ནི་ཡ་གླིང་དབུས་ཁུལ་དང་། རྒྱ་ནག་གླིང་ཆེན་འགྱིང་རི། རྗེ་མི་ལ་རས་པ་དང་འབྲེལ་བའི་བོད་ཀྱི་ལྷོ་ཁུལ་ཀྱི་ཡུལ་གྲུ་སྐོར་ཞིག་དང་། ལོ་རྒྱུས་སུ་སངས་རྒྱས་ཆོས་ལུགས་ལ་དད་པའི་རྒྱ་གར་བྱང་ཕྱོགས་ཀྱི་རྒྱལ་ཁམས་སྐོར་ཞིག་ལ་ཕེབས་བཞུད་མཛད་པས་ཤིན་ཏུ་སྙན་གྲགས་ཆེ། ལ་དྭགས་སུ་ཝཾ་ལེ་དགོན་དང་ཧེ་མི་དགོན་གཉིས་ཕྱག་བཏབ་ཅིང་། ཁོང་གི་སྐུ་ཕྲེང་རིམ་བྱོན་གྱིས་སྐྱོང་བཞིན་ཡོད་དོ།
དཔྱད་གཞིའི་ཡིག་ཆ་ཁག།
Ngag dbang dkar brgyud rgya mtsho & Yongs 'dzin 05 Ye shes grub pa. 1968. Grub dbang zhwa mo na tha'i 'khrungs rabs rnam thar gsol 'debs dpag bsam 'khri shing. Leh.
Stag tshang ras pa ngag dbang rgya mtsho. 1968. O rgyan mkha' l'gro'i gling go lam yig thar lam bgrod pa'i them skas. In Stag tshang ras pa'i rnam thar dang rdo rje'i mgur. Ladakh Hemis: Byang chub chos gling, pp. 115-155.
Petech, Luciano. 1977. The Kingdom of Ladakh, c. 950-1842. Rome: IsMEO Seria Orientale Roma, vol. 51.
Schwieger, Peter. 1996. “Stag tshang ras pa's Exceptional Life as a Pilgrim.” Kailash 18, pp. 81-107.
Snellgrove, David, and Tadeusz Skorupski. 1977. The Cultural Heritage of Ladakh. Boulder: Prajña Press.
Tucci, Giuseppe. 1971. Travels of Tibetan Pilgrims in the Swat Valley. In Opera Minora, Rome: Dott. Giovanni Bardi, vol 2, pp. 369-418.
Yongs 'dzin 02 Kun dga' lhun grub. 1968 (1663). O di yA Na pa ngag dbang rgya mtsho'i rnam thar legs bris bai rdu rya dkar po'i rgyud mang. In Stag tshang ras pa'i rnam thar dang rdo rje'i mgur. Ladakh Hemis: Byang chub chos gling, pp. 1-113.