ཀཿཐོག་པ་ཀུན་དགའ་འབུམ་པས་སྤྱི་ལོ ༡༣༥༧ ལོ་ནས་སྤྱི་ལོ ༡༣༦༩ ལོའི་བར་ཀཿཐོག་དགོན་གྱི་གདན་རབས་བརྒྱད་པའི་འགན་བཞེས་ཤིང་། སྐུ་ན་གཞོན་པའི་དུས་སུ་དབུས་གཙང་དང་ཁམས་ཀྱི་ཡུལ་གྲུ་གང་སར་ཕྱག་ཕེབས་ཏེ། གྲུབ་མཐའ་མི་འདྲ་བའི་བླ་མ་མང་བོ་བསྟེན་ནས་ཐོས་བསམ་མཛད། ཀཿཐོག་པའི་ལུགས་ལེགས་པར་འཛིན་སྐྱོང་མཛད་པར་མ་ཟད། ཀཿཐོག་དགོན་ལ་གཅོད་གྱི་གདམས་པའང་སྤེལ་ཅིང་། དེའི་ཉམས་ལེན་སྐོར་ལ་གསུང་རྩོམ་གྲགས་ཅན་ཞིག་ཀྱང་མཛད།
དཔྱད་གཞིའི་ཡིག་ཆ་ཁག།
'Jam dbyangs rgyal mtshan. 1996.Rgyal ba kaH thog pa’i lo rgyus mdor bsdus.Chengdu: Si khron mi rigs dpe skrun khang, pp. 46-47; 164.