སྟོང་འཁོར་སྐུ་ཕྲེང་དྲུག་པ་འཇམ་དཔལ་དགེ་འདུན་རྒྱ་མཚོ་ནི་སྟོང་འཁོར་སྐུ་ཕྲེང་ལྔ་པ་ངག་དབང་བསོད་ནམས་རྒྱ་མཚོ་ལ་སྤྲུལ་སྐུ་གཉིས་བྱུང་པ་ལས་གཅིག་ཡིན་ལ། ཁམས་ཀྱི་སྟོང་འཁོར་བཀྲ་ཤིས་ལྷུན་པོ་དགོན་དུ་གདན་ས་བྱས། ཁོང་ནི་པཎ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་དང་ཕུར་ལྕོག་སྐུ་ཕྲེང་གཉིས་པ་ངག་དབང་བྱམས་པ་གཉིས་ཀྱིས་ངོས་བཟུང་པ་ཡིན། སྟོང་འཁོར་དྲུག་པ་ཅིག་ཤོས་ནི་ངག་དབང་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ་ཡིན་ལ། ཨ་མདོར་བཞུགས།
དཔྱད་གཞིའི་ཡིག་ཆ་ཁག།
Anon. 2005 (1930).Stong 'khor zhabs drung drug pa dge 'dun rgya mtshor skyes pa'i rabs kyi le'u.InStong 'khor zla ba rgyal mtshan sku phreng rim byon gyi rnam thar. Bejing: Krung go'i bod rig pa dpe skrun khang, pp. 249-280.TBRC W2CZ7868.