སྒོ་རུམ་པ་ཀུན་དགའ་ལེགས་པ་ནི་ས་སྐྱ་དང་ཇོ་ནང་གཉིས་ ཀའི་ལུགས་ཀྱི་སྐྱེས་ཆེན་ཞིག་ཡི ན། ཇོ་ནང་ཁྲི་པ་ནམ་མཁའ་ཆོས་སྐྱོང་དང་། ཁྲི་པ་དཔལ་ལྡན་རིན་ཆེན་བཅས་རྣམ་གཉིས་ཀྱི་དྲུང་ ནས་དཔལ་ཇོ་ནང་པའི་གདམས་པ་མང་དུ་ གསན། རྗེས་སུ་ཇོ་ནང་དགོན་གྱི་ཁྲི་པ་ ཉེར་གཅིག་པ་མཛད་དེ་ལོ་བཅུ་གཉིས་ འགྲོ་དོན་བསྐྱངས། ཁོང་རང་ཉིད་ཀྱང་རྣལ་འབྱོར་སྦྱོ ར་བ་ཡན་ལག་དྲུག་གི་ཉམས་ལེན་ལ་ལྷ ག་པར་མཁས་ཤིང་། གཞན་ལའང་དཔལ་དུས་ཀྱི་འཁོར་ལོའི་ རྒྱུད་ཀྱི་གདམས་པ་རྒྱ་ཆེར་སྤེལ།
དཔྱད་གཞིའི་ཡིག་ཆ་ཁག།
'Jam dbyangs mkhyen brtse'i dbang phyug. 1983. Rje btsun rdo rje 'chang sgo rum pa chen po kun dga' legs pa'i blo gros rgyal mtshan dpal bzang po'i rig sngags kyi rtogs pa brjod pa’i gtam ngo mtshar yid bzhin gyi chu gter bzhad pa. In Sa-skya Lam-'bras Literature Series, vol. 2: 249-397. Dehra Dun: Sakya Centre, 1983.