The Treasury of Lives

མདོ་རྒྱུད་རྒྱ་མཚོ་ནི་སྟོང་འཁོར་སྐུ་ཕྲེང་བཞི་པ་ཡིན། འདོད་ཚུལ་ལྟར་ན་སྟོང་འཁོར་གསུམ་པ་དགོངས་པ་ཞི་བར་གཤེགས་པའི་སྐབས་འཕོ་བ་གྲོང་འཇུག་གི་གདམས་པའི་སྒོ་ནས་འདས་གྲོང་སོང་མ་ཐག་པའི་རྒྱ་རིགས་གཞོན་ནུ་ལོ་ན་བཅུ་བདུན་ཟིན་པ་ཞིག་གི་ལུས་པོར་ཞུགས་ཞེས་གྲགས། གཞོན་ནུ་དེ་མཐར་ཡུལ་མི་རྣམས་ཀྱིས་ཀྱང་དང་ལེན་བྱས། རིམ་གྱིས་༸རྒྱལ་མཆོག་ལྔ་པ་ཆེན་པོ་དང་༸པཎ་ཆེན་སྐུ་ཕྲེང་བཞི་པ་རྣམ་གཉིས་ཀྱི་གཟིགས་པ་དང་མཐུན་སྦྱོར་འོག་སྐུ་ཚེ་དོན་སྨིན་ལྡན་པ་ཞིག་སྐྱེལ། ལྷ་སའི་ཡོན་བདག་རྣམས་ཀྱི་རྒྱུ་སྦྱོར་ལ་བརྟེན་ནས་ཨ་མདོ་སྐུ་འབུམ་ཡུལ་དུ་སྟོང་འཁོར་དགའ་ལྡན་ཆོས་འཁོར་གླིང་དགོན་པ་དང་། མཆོད་རྟེན་ཐང་དགོན་པ་ཕྱག་བཏབ། དེ་ནས་རྒྱ་ནག་ཏུ་ཕེབས་ཏེ་གོང་མ་ཁང་ཤིའི་ས་ནས་ཆན་ཤིའི་མཚན་གནས་ཐོབ།


Sonam Dorje is a PHD candidate in Dunhuang Tibetan Manuscripts at North-west Nationalities’ University in Lanzhou.

Published September 2012

དཔྱད་གཞིའི་ཡིག་ཆ་ཁག།

Anon. 2005 (1930). Stong 'khor zhabs drung bzhi pa mdo rgyud rgya mtshor skyes pa'i rabs kyi le'u. In Stong 'khor zla ba rgyal mtshan sku phreng rim byon gyi rnam thar, pp. 193-220. Beijing: Krung go'i bod rig pa dpe skrun khang 2005. TBRC W2CZ7868.

Bsod nams rgya mtsho. 2000. Bstan rtsis ka phreng lag deb. Beijing: Mi rigs dpe skrun khang, p. 235. TBRC W20115.

Grags pa 'byung gnas and Rgyal ba blo bzang mkhas grub. 1992. Gangs can mkhas grub rim byon ming mdzod. Lanzhou: Kan su'u mi rigs dpe skrun khang, pp. 775-776. TBRC W19801.

See also Dan Martin's discussion of this instance of drongjuk in Tibeto-logic.

Sonam Dorje
September 2012

གང་ཟག་འདིའི་གསུང་རྩོམ་ཁག་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་སུ་འཚོལ།