The Treasury of Lives

སྟོང་འཁོར་སྐུ་ཕྲེང་ལྔ་པ་ངག་དབང་བསོད་ནམས་རྒྱ་མཚོ་ནི་ཨ་མདོ་ཡུལ་དུ་བཞུགས་ཤིང་རིས་མེད་ཉམས་བཞེས་མཛད་མཁན་དགེ་ལུགས་པའི་བླ་མ་ཞིག་ཡིན། ཕྱི་ལོ་༡༧༢༣ ལོའི་ངོ་རྒོལ་མཇུག་སྒྲིལ་མཚམས་ཁོང་གིས་ཨ་མདོ་སྟོང་འཁོར་དགའ་ལྡན་ཆོས་འཁོར་གླིང་བསྐྱར་བཞེངས་ཞིག་གསོ་སོགས་མཛད། སྐུ་དགོངས་པ་རྫོགས་པའི་རྗེས་ཡང་སྲིད་སྐྱེ་ཕྲེང་གཉིས་སུ་གྱེས་ཤིང་། ཡང་སྲིད་གཅིག་ནི་ཨ་མདོ་སྟོང་འཁོར་དགའ་ལྡན་ཆོས་འཁོར་གླིང་དགོན་པ་དང་། གཅིག་ཤོས་དེ་ཁམས་སྟོང་འཁོར་བཀྲ་ཤིས་ལྷུན་པོ་དགོན་པར་བཞུགས།


Sonam Dorje is a PHD candidate in Dunhuang Tibetan Manuscripts at North-west Nationalities’ University in Lanzhou.

Published September 2012

དཔྱད་གཞིའི་ཡིག་ཆ་ཁག།

Anon. 2005 (1930). Stong 'khor zhabs drung lnga pa ngag dbang bsod nams rgya mtshor skyes pa'i rabs kyi le'u. In Stong 'khor zla ba rgyal mtshan sku phreng rim byon gyi rnam thar, pp. 221-248. Beijing: krung go'i bod rig pa dpe skrun khang. TBRC W2CZ7868.

Bsod nams rgya mtsho. 2000. Bstan rtsis ka phreng lag deb. Beijing: Mi rigs dpe skrun khang, pp. 235-236. TBRC W20115.

Grags pa 'byung gnas and Rgyal ba blo bzang mkhas grub. 1992. Gangs can mkhas grub rim byon ming mdzod. Lanzhou: Kan su'u mi rigs dpe skrun khang, pp. 772-773. TBRC W19801.

གང་ཟག་འདིའི་གསུང་རྩོམ་ཁག་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་སུ་འཚོལ།