The Treasury of Lives

The Purchok incarnation line is a Geluk lineage that dates to the eighteenth century. The line is named for a small ridge near Sera called Purchok Ri, where, according to tradition, Padmasambhava meditated. The First Purchok, Ngawang Jampa, a prominent disciple of the Fifth Panchen Lama, is said to have participated in developing an important hermitage at the site which became known as Purchok or Purbuchok.

Timeline

Biographies

ངག་དབང་བྱམས་པ་ནི་པཎ་ཆེན་སྐུ་ཕྲེང་ལྔ་པ་དང་། འཕགས་པ་ལྷ་སྐུ་ཕྲེང་ལྔ་པ། སྒྲུབ་ཁང་དགེ་ལེགས་རྒྱ་མཚོ་སོགས་ཀྱི་བུ་སློབ་ཀྱི་ཐུ་བོ་དང་། ལམ་རིམ་བརྒྱུད་པའི་བླ་རབས་ང་གསུམ་པ་ཡིན། ཁོང་གིས་སྐུ་ཚེ་གང་བོར་སྒོམ་སྒྲུབ་དང་ཤུགས་ལྡན་བསྟེན་པར་རྒོལ་བའི་བཀའ་ཆོས་སོགས་ཀྱིས་མཚོན་པའི་ཕྱག་རྩོམ་སྣ་ཚོགས་རྩོམ་པར་གཞོལ་པར་མཛད། 

The Second Purchok, Lobzang Jampa

b.1763 - d.1823/1865

ཕུར་ལྕོག་སྐུ་ཕྲེང་གཉིས་པ་བློ་བཟང་བྱམས་པ་ནི་ཁོང་གི་དུས་སྐབས་སུ་དགེ་སློང་གི་སྡོམ་རྒྱུན་གྱི་འབྱུང་ཁུངས་གཙོ་ཤོས་ཤིག་ཡིན་ལ། ཚེ་གང་བོར་དགེ་སློང་སྟོང་ཕྲག་མང་པོར་སྡོམ་པ་བསྩལ། ཁོང་ནི་པཎ་ཆེན་སྐུ་ཕྲེང་དྲུག་པ་དང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གཉིས་ཀྱི་བུ་སློབ་ཡིན།

ཕུར་ལྕོག་སྐུ་ཕྲེང་གསུམ་པ་བྱམས་པ་རྒྱ་མཚོ་ནི་དགེ་ལུགས་པའི་བླ་མ་གྲགས་ཆེན་ཞིག་ཡིན་ལ། པཎ་ཆེན་རིན་པོ་ཆེ་དང་རྒྱལ་དབང་གཉིས་ཀར་འབྲེལ་བ་དམ། ཁོང་ནི་པཎ་ཆེན་སྐུ་ཕྲེང་དྲུག་པ་ལས་རབ་ཏུ་བྱུང་ཞིང་སེ་ར་དགོན་དུ་ཐོས་བསམ་མཛད། ཕྱིས་སུ་རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་དང་བཅུ་གསུམ་པ་གཉིས་ཀའི་ཡོངས་འཛིན་མཛད་ཅིང་། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཉིད་ཁོང་ལས་རབ་ཏུ་བྱུང་བ་ཡིན།