The Treasury of Lives

The Changkya incarnation line is based at Gonlung Jampa Ling, one of the four most important Geluk monasteries in Amdo. Many of the Changkya lamas had a close relationship with the Qing court. The Second Changkya Ngawang Lobzang Choden was a close teacher of the Kangxi Emperor and responsible for the initial spread of the Geluk tradition of Tibetan Buddhism in the high circles of the Qing dynasty. The Third Changkya Rolpai Dorje served as the Qianlong emperor's main Buddhist translator, tutor, and National Preceptor.

Timeline

Biographies

The First Changkya, Drakpa Wozer

b.late 16th cent. - d.1641

གྲགས་པ་འོད་ཟེར་སྐུ་གཤེགས་རྗེས་ཨ་མདོ་ཡུལ་གྱི་དགེ་ལུགས་པའི་མཁས་ཆེན་ལྕང་སྐྱ་སྐུ་ཕྲེང་དང་པོར་ངོས་བཟུང་། ཁོང་གིས་དགོན་ལུང་དང་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཐོས་བསམ་མཛད་ཅིང་། དགོན་ལུང་དགོན་དུ་སྤྱི་ལོ ༡༦༣༠ ལོ་ནས ༡༦༣༣ ལོའི་བར་གདན་རབས་དྲུག་པའི་འགན་བཞེས།

ལྕང་སྐྱ་སྐུ་ཕྲེང་གཉིས་པ་ངག་དབང་བློ་བཟང་ཆོས་ལྡན་ནི་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་གསན་བསམ་སློབ་གཉེར་གནང་། རྒྱ་ནག་མན་ཆིང་གོང་མ་ཁང་ཤིའི་དབུ་བླ་གནང་། ཆིང་རྒྱལ་ཁབ་ཀྱི་མཐོ་རིམ་མི་སྣའི་ཁྲོད་དུ་བོད་བརྒྱུད་ནང་བསྟན་དར་སྤེལ་ཐུབ་རྒྱུར་ཐུགས་འགན་ཆེ་བཞེས་མཛད།

ལྕང་སྐྱ་སྐུ་ཕྲེང་གསུམ་པ་རོལ་པའི་རྡོ་རྗེ་ནི་དུས་རབས་བཅོ་བརྒྱད་པའི་ནང་དུ་ཆིང་གོང་མའི་ཕོ་བྲང་གི་རྩ་བའི་བླ་མ་དང་། གོང་མ་ཆན་ལུང་གི་དབུ་བླ་ཡིན་ལ། ཆིང་གོང་མ་དང་ཨེ་ཤ་ཡའི་སྐམ་སའི་དབུས་ཁུལ་བར་དུ་འབྲེལ་བ་འཛུགས་མཁན་གཙོ་ཤོས་ཡིན། ཁོང་ནི་གདུང་རྒྱུད་སོག་པོ་ཡིན་ལ། བོད་ཀྱི་བྱང་ཤར་ཁུལ་དུ་སྐུ་འཁྲུངས་ཤིང་། དང་ཐོག་ཆིང་གོང་མའི་ཕོ་བྲང་དུ་འཚོ་ཞིང་སློབ་གཉེར་མཛད། ཁོང་གི་བོད་ཡུལ་གྱི་གདན་ས་གཙོ་བོ་ནི་ཨ་མདོའི་བྱང་གི་དགོན་ཆེན་བཞིའི་ཡ་གྱལ་དགོན་ལུང་བྱམས་པ་གླིང་ཡིན། ཁོང་ནི་པཎ་ཆེན་སྐུ་ཕྲེང་དྲུག་པའི་ཕྱག་རོགས་ཤིག་ཡིན་ཞིང་། སྐུ་ཚེ་གང་བོར་གོང་མ་ཆན་ལུང་གི་ནང་བསྟན་གྱི་ལོ་ཙཱ་བ་དང་། དབུ་བླ། རྒྱལ་ཁབ་ཡོངས་ཀྱི་སློབ་དཔོན་མཛད་ནས་བཞུགས་པ་རེད།