The Treasury of Lives

An important Geluk incarnation line in Amdo with seats at Lamo DechenLabrang Tashikyil and Ditsa monasteries. The line dates from the mid-17th century. Ditsa was founded in 1903 by the Fourth Amdo Zhamar Gendun Tendzin Gyatso. The Sixth Amdo Zhamar, Lobzang Jigme Tendzin Gyatso, was forced to spend much of his short life herding cattle due to the Cultural Revolution.

Timeline

Biographies

ཨ་མདོ་ཞྭ་དམར་སྐུ་ཕྲེང་དང་པོ་ངག་དབང་འཕྲིན་ལས་ནི་ཨ་མདོ་རུ་སྐུ་འཁྲུངས་ཤིང་། འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཐོས་བསམ་མཛད། ཕྱིས་སུ་ཕྱིར་ཨ་མདོར་ཕེབས་ཏེ་བླ་བྲང་བཀྲ་ཤིས་འཁྱིལ་དང་ལ་མོ་བདེ་ཆེན་དགོན་གྱི་ཁྲི་པར་བཞུགས།

ཨ་མདོ་ཞྭ་དམར་སྐུ་ཕྲེང་གཉིས་པ་ངག་དབང་འཕྲིན་ལས་དཔལ་བཟང་གིས་ཨ་མདོ་ཡུལ་གྱི་ལ་མོ་བདེ་ཆེན་དགོན་དུ་ཐོས་བསམ་མཛད་ཅིང་། དགུང་ལོ་གཞོན་པའི་དུས་སུ་སྐུ་གཤེགས།

ཨ་མདོ་ཞྭ་དམར་སྐུ་ཕྲེང་གསུམ་པ་ངག་དབང་བསྟན་འཛིན་རྒྱ་མཚོས་ལ་མོ་བདེ་ཆེན་དགོན་དུ་ཐོས་བསམ་མཛད་ཅིང་། ཕྱིས་སུ་དེ་གའི་ཁྲི་པར་བཞུགས།

ཨ་མདོ་ཞྭ་དམར་སྐུ་ཕྲེང་བཞི་པ་དགེ་འདུན་བསྟན་འཛིན་རྒྱ་མཚོ་ནི་ཨ་མདོ་ཡུལ་གྱི་དགེ་ལུགས་པའི་མཁས་ཆེན་དམ་པ་ཞིག་ཡིན་ལ། ཁོང་གིས་གཙོ་བོ་ལ་མོ་བདེ་ཆེན་དགོན་དང་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཨ་རོལ་སྐུ་ཕྲེང་གཉིས་པ་བློ་བཟང་ལུང་རྟོགས་རྒྱ་མཚོ་དང་། དྲུང་ཡིག་ཤེས་རབ་རྒྱ་མཚོ་སོགས་ལས་ཐོས་བསམ་མཛད། ཁོང་གིས་སྤྱི་ལོ ༡༩༠༣ ལོར་ངྷི་ཚ་དགོན་ཕྱག་འདེབས་མཛད།

ཨ་མདོ་ཞྭ་དམར་སྐུ་ཕྲེང་ལྔ་པ་བློ་བཟང་བཤད་སྒྲུབ་བསྟན་འཛིན་རྒྱ་མཚོས་ངྷི་ཚ་དང་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཐོས་བསམ་མཛད། ཁོང་གིས་ངྷི་ཚ་དགོན་དུ་སྤྱི་ལོ ༡༩༣༨ ལོ་ནས ༡༩༥༢ ལོར་སྐུ་གཤེགས་པའི་བར་ལོ་ངོ་བཅུ་དྲུག་ལ་མཁན་པོའི་འགན་བཞེས།

ཨ་མདོ་ཞྭ་དམར་སྐུ་ཕྲེང་དྲུག་པ་བློ་བཟང་འཇིགས་མེད་བསྟན་འཛིན་རྒྱ་མཚོས་རིག་གནས་གསར་བརྗེའི་རྐྱེན་གྱིས་ཡུན་རིང་དུ་གནག་རྫི་མཛད་དགོས་བྱུང་ཞིང་། ཁོང་གིས་གདན་ས་ངྷི་ཚ་དགོན་དུ་སློབ་གཉེར་ཅུང་ཟད་མཛད་ནའང་། དགུང་ལོ་སོ་བཞི་པའི་སྟེང་སྐུ་གཤེགས།