ཆོས་ཉིད་རྒྱ་མཚོ་སྐུ་ཕྲེང་བཞི་པ་འཇམ་དཔལ་རྡོ་རྗེ་ནི་ཀཿཐོག་སི་ཏུ་ཆོས་ཀྱི་བློ་གྲོས་དང་དྲི་མེད་ཞིང་སྐྱོང་སྐུ་ཕྲེང་གཉིས་པ་འཇིགས་མེད་ཡོན་ཏན་མགོན་པོ་གཉིས་ཀྱི་བུ་སློབ་ཡིན་ལ། ཁོང་གིས་མི་ཚེ་གང་བོར་ཕལ་ཆེར་ཀཿཐོག་དགོན་གྱི་ལུང་དང་མན་ངག་སྣ་ཚོགས་དང་བཀའ་མ་དང་གཏེར་མའི་ཆོ་ག་ཕྱག་ལེན་སོགས་ལ་འབད། ཁོང་གིས་ཆོས་སྐྱོང་དང་ཡི་དམ་མང་པོའི་ཞལ་མཐོང་བར་མ་ཟད། ཆོས་སྐྱོང་འགའ་ཤོས་ལ་འཕྲིན་ལས་སྒྲུབ་པའི་བཀའ་བསྒོ་མཛད་པར་གྲགས།
དཔྱད་གཞིའི་ཡིག་ཆ་ཁག།
'Jam dbyangs rgyal mtshan. 1996.Rgyal ba kaH thog pa’i lo rgyus mdor bsdus.Si khron mi rigs dpe skrun khang, pp. 136-137.