The Treasury of Lives

རི་བོ་ཆེ་རྗེ་དྲུང་སྐུ་ཕྲེང་བདུན་པ་བྱམས་པ་འབྱུང་གནས་ནི་དུས་རབས་བཅུ་དགུ་པའི་སྨད་དང་ཉི་ཤུ་པའི་འགོ་སྟོད་ནང་ཁམས་དང་པདྨ་བཀོད་དུ་འགྲོ་དོན་བསྐྱངས་པའི་གཏེར་སྟོན་ཞིག་ཡིན། ཁོང་གི་གསུང་འབུམ་པོད་དྲུག་བཞུགས། ཁོང་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དང་། བཀའ་འགྱུར་རིན་པོ་ཆེ་ཀློང་ཆེན་ཡེ་ཤེས་རྡོ་རྗེ་རྣམ་གཉིས་ཀྱི་བླ་མ་གཙོ་བོ་ཞིག་ཡིན། ཁོང་གིས་གཏེར་མ་ཇི་སྙེད་ཅིག་གདན་དྲངས་པའི་ནང་ནས་གྲགས་ཆེ་བ་ནི་པདྨ་གསང་ཐིག་ཡིན། སྐུ་ཚེ་སྨད་ལ་སྟག་ལུང་དགོན་དུ་བཞུགས་ཏེ་དེར་སྐུ་དགོངས་པ་རྫོགས། བྱམས་པ་འབྱུང་གནས་ནི་དུས་རབས་ཉི་ཤུ་པའི་བོད་ཀྱི་ལོ་རྒྱུས་ནང་གི་རྩོད་གཞི་ཆེ་བའི་མི་སྣ་མགར་ར་བླ་མ་བསོད་ནམས་རབ་བརྟན་གྱི་གཅེན་པོ་ཡིན། 


Ron Garry has a Ph.D. in Indo-Tibetan Buddhism and an M.A. in integral psychotherapy.

Published August 2007

དཔྱད་གཞིའི་ཡིག་ཆ་ཁག།

Lazcano, Santiago. 2005. “Ethnohistoric Notes on the Ancient Tibetan Kingdom of sPo bo and its Influence on the Eastern Himalayas.”Revue d'Etudes Tibétaines.Vol. 7: 41-63, pp. 54.

Hamid Sardar Afkhami. 1996. “An Account of Padma bkod: A Hidden Land in Southeastern Tibet.”Kailash.Vol. 18, nos. 3-4: 1-21, p. 13.

McLennan, Pelden. n.d. “Realization in Action: The Life of Gara Lama Nora Rinpoche.” Unpublished paper.

Nyoshul Khenpo. 2005.A Marvelous Garland of Rare Gems. Richard Barron, trans. Junction City, California: Padma Publication, pp 446-447.

གང་ཟག་འདིའི་གསུང་རྩོམ་ཁག་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་སུ་འཚོལ།