ཞང་གཡུ་བྲག་པ་བརྩོན་འགྲུས་གྲགས་པའམ་མཚན་ཡོངས་གྲགས་བླ་མ་ཞང་ཞེས་ཞུ་བ་ཁོང་ནི། དཔལ་ཕྱག་རྒྱ་ཆེན་མོའི་མང་ངག་འཆད་ཚུལ་གྱི་འགྲོས་ཐུན་མོང་མ་ཡིན་པ་གསར་གཏོད་མཛད་པ་དང་། དབུས་གཙང་ཁུལ་གྱི་ས་ཁྱོན་མི་ཉུང་བ་ཞིག་གི་ཐོག་སྲིད་དབང་བཟུང་སྐབས་དྲག་པོ་གནོད་འཚེའི་ལས་བརྩམས་པའི་རྒྱུ་མཚན་གྱིས་དེང་སང་གླེང་གཞི་ཅན་གྱི་མི་སྣ་ཞིག་ཏུ་ངོས་འཛིན་བྱས། དེར་བརྟེན་ཁོང་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་ཆབ་སྲིད་ལོ་རྒྱུས་གཉིས་ཀའི་ཐད་ནས་གནད་འགག་ཆེ་བའི་མི་སྣ་ཞིག་ཀྱང་ཆགས་ཡོད། ཁོང་གིས་ཚལ་པ་བཀའ་བརྒྱུད་པའི་ལུགས་གསར་དུ་གཏོད། དེ་བཞིན་ལྷ་སའི་ཉེ་འགྲམ་དུ་གདན་ས་ཚལ་གུང་ཐང་ཕྱག་བཏབ།
དཔྱད་གཞིའི་ཡིག་ཆ་ཁག།
Gra bzhi mig dmar tshe ring. 2011. Tshal gung thang gtsug lag khang gi dkar chag skyid chu'i rang mdangs. Lhasa: Bod-ljongs mi dmangs dpe skrun khang.
Davidson, Ronald. 2005. Tibetan Renaissance. New York: Columbia University Press, pp. 328-331.
Jackson, David. 1994. Enlightenment by a Single Means. Vienna: Verlag der Österreichischen Akademie der Wissenschaften, pp. 58-66.
Roerich, George, trans. 1996. The Blue Annals. 2nd ed. Delhi: Motilal Banarsidas, pp. 711-5.
Martin, Dan. 2001. “Meditation is Action Taken: On Zhang Rinpoche, a Meditation-based Activist in Twelfth-century Tibet.” Lungta, vol. 14, Spring, pp. 45-56.
Sørensen, Per K., Guntram Hazod, and Tsering Gyalpo. 2007. Rulers on the Celestial Plain: Ecclesiastic and Secular Hegemony in Medieval Tibet, a Study of Tshal Gung-thang. Vienna: Verlag der Österreichischen Akademie der Wissenschaften.
Yamamoto, Carl. 2012. Vision and Violence: Lama Zhang and the Politics of Charisma in Twelfth-Century central Tibet. Leiden: Brill.