ཀཿཐོག་ཡེ་ཤེས་འབུམ་པ་ནི་སྤྱི་ལོ ༡༢༨༢ ལོ་ནས་སྤྱི་ལོ ༡༣༢༧ ལོའི་བར་གྱི་ཀཿཐོག་དགོན་གྱི་གདན་རབས་ལྔ་བཅུ་པ་ཡིན་ལ། གདན་རབས་བཞི་པ་བསོད་ནམས་འབུམ་པའི་བུ་སློབ་ཡིན། ཁོང་ལ་འཇའ་ལུས་སུ་གྱུར་པའི་བུ་སློབ་བརྒྱ་ཕྲག་དུ་མ་ཡོད་པར་བཤད། ས་སྐྱའི་མཁས་ཆེན་འགྲོ་མགོན་ཆོས་རྒྱལ་འཕགས་པར་ཡང་སློབ་ཁྲིད་གནང་མྱོང་པ་རེད།
དཔྱད་གཞིའི་ཡིག་ཆ་ཁག།
'Jam dbyangs rgyal mtshan. 1996.Rgyal ba kaH thog pa’i lo rgyus mdor bsdus.Chengdu: Si khron mi rigs dpe skrun khang, pp. 42-44.