གཡག་སྟོན་སངས་རྒྱས་དཔལ་ནི་ས་སྐྱའི་མཁས་ཆེན་ཞིག་ཡིན་ལ། བོད་ཀྱི་མཁས་གྲུབ་རྒྱན་དྲུག་གི་ཐོག་མར་བརྩི། ཐོག་མར་གསང་ཕུ་དགོན་དུ་བསླབ་པའི་འགོ་བརྩམས། ཁོང་གི་རྩ་བའི་བླ་མ་ནི་ཀུན་དགའ་དཔལ་དང་ཐུགས་སྲས་ཀྱི་ཐུ་བོ་ནི་མིང་དུ་གྲགས་པའི་མཁས་ཆེན་རོང་སྟོན་ཤེས་བྱ་ཀུན་རིག་ཡིན། ཁོང་གིས་ས་སྐྱ་པཎ་ཆེན་གྱི་ཚད་མ་རིགས་གཏེར་གྱི་འགྲེལ་བ་མིང་དུ་གྲགས་པ་དེ་མཛད་ཅིང་། ཆོས་མངོན་པ་མཛོད་དང་ཚད་མ་ཀུན་བཏུས་གཉིས་བོད་དུ་དར་བ་ལ་ཤིན་ཏུ་མཛད་རྗེས་ཆེ། མངོན་རྟོགས་རྒྱན་ལའང་འགྲེལ་བ་པོད་བརྒྱད་བརྩམས།
དཔྱད་གཞིའི་ཡིག་ཆ་ཁག།
Gdong thog bstan pa'i rgyal mtshan. 1977.Dpal ldan sa skya pa'i bstan pa rin po che ji ltar byung ba'i lo rgyus. Delhi: Lakshmi Printing Works, pp. 224 ff.
Grags pa 'byung gnas. 1992.Gangs can mkhas grub rim byon mingmdzod. Lanzhou: Kan su'u mi rigs dpe skrun khang.
Dreyfus, Georges. 1997.Recognizing Reality: Dharmakirti's Philosophy and Its Tibetan Interpretations.New York: SUNY.
Roerich, George, trans. 1976.The Blue Annals.Delhi: Motilal Banarsidas, pp. 339 ff.