ཐུབ་བསྟན་འཇིགས་མེད་སྐལ་བཟང་ནི་སྟོང་འཁོར་སྐུ་ཕྲེང་བརྒྱད་པའི་སྤྲུལ་མིང་འཛིན་པའི་སྐུ་སྐྱེ་གཉིས་ཀྱི་ཡ་གྱལ་ཡིན། ཨ་མདོ་སྟོང་འཁོར་དུ་བཞུགས་ཤིང་བླ་མ་སྐལ་བཟང་འཇམ་དབྱངས་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་བྱས། དགུང་ལོ་བརྒྱད་པའི་ཐོག་དགོངས་པ་རྫོགས། སྟོང་འཁོར་སྐུ་ཕྲེང་བརྒྱད་པ་གཅིག་ཤོས་ནི་ཁམས་ཕྱོགས་སུ་བཞུགས་པའི་བླ་མ་ངག་དབང་མདོ་རྒྱུད་ཡོན་ཏན་རབ་རྒྱས་ཞུ་བ་ཁོང་ཡིན།
དཔྱད་གཞིའི་ཡིག་ཆ་ཁག།
Bsod nams rgya mtsho. 2000.Bstan rtsis ka phreng lag deb. Beijing: Mi rigs dpe skrun khang, p. 236.TBRC W20115.
Grags pa 'byung gnas and Rgyal ba blo bzang mkhas grub. 1992.Gangs can mkhas grub rim byon mingmdzod. Lanzhou: Kan su'u mi rigs dpe skrun khang, pp. 773-774.TBRC W19801.