The Treasury of Lives

དཔལ་ལྡན་གྲགས་པ་ནི་དགའ་ལྡན་ཁྲི་ཐོག་ང་གཅིག་པ་ཡིན་ཞིང་། ཕྱི་ལོ་༡༧༢༡ ནས་༡༧༢༨ བར་ཁྲི་པ་ལོ་བདུན་མཛད། རྟ་ཚག་རྗེ་དྲུང་སྐུ་ཕྲེང་དྲུག་པ་དང་པཎ་ཆེན་སྐུ་ཕྲེང་གཉིས་པ་བཤེས་གཉེན་དུ་བསྟེན། འབྲས་སྤུངས་སྒོ་མང་དང་རྒྱུད་སྟོད་དུ་སློབ་གཉེར་གནང་། རྒྱུད་སྟོད་གྲྭ་ཚང་གི་མཁན་པོ་མཛད། དེ་ནས་ཤར་རྩེ་ཆོས་རྗེའི་ཁྲི་ལ་ཕེབས་ཏེ་རིམ་གྱིས་དགའ་ལྡན་གྱི་གསེར་ཁྲིར་མངའ་གསོལ། ༧རྒྱལ་དབང་སྐུ་ཕྲེང་བདུན་པའི་ཡོངས་འཛིན་གནང་། དེ་བཞིན་པཎ་ཆེན་སྐུ་ཕྲེང་གསུམ་པར་རབ་བྱུང་གི་སྡོམ་པ་འབོགས་གནང་མཛད། ཁོང་ནས་༧རྒྱལ་དབང་སྐུ་ཕྲེང་བདུན་པའི་བཀའ་དགོངས་ལྟར་ཨ་མདོ་ཁུལ་དུ་སྡེ་ཁག་ཕན་ཚུན་དབར་འཁྲུག་རྩོད་ཇི་བྱུང་ཞི་འགྲིག་འཆམ་མཐུན་ཐུབ་རྒྱུར་ཐུགས་འགན་གཙོ་བོ་བཞེས།


Samten Chhosphel earned his PhD from CIHTS in India where he served as the head of Publication Dept. for 26 years. He has a Master’s degree in Writing and Publishing from Emerson College, Boston. Currently he is an adjunct Assistant Professor at the City University of New York, and Language Associate in Columbia University, NY.  

Published December 2010

དཔྱད་གཞིའི་ཡིག་ཆ་ཁག།