སངས་རྒྱས་རིན་ཆེན་ནི་དགའ་ལྡན་ཁྲི་ཐོག་ཉེར་བདུན་པ་ཡིན་ཞིང་། ཕྱི་ལོ་༡༥༩༦ ནས་༡༦༠༢ བར་ཁྲི་པ་མཛད། དགའ་ལྡན་དང་། རྒྱུད་གྲྭ་སྟོད་སྨད་གང་རུང་ཞིག་ཏུ་སློབ་གཉེར་གནང་། སེ་ར་དགོན་པའི་མཁན་པོ་དང་། དེ་རྗེས་ཤར་རྩེ་ཆོས་རྗེ་མཛད། དེ་ནས་དགའ་ལྡན་གྱི་གསེར་ཁྲིར་ཕེབས། རྗེས་སུ་༧རྒྱལ་དབང་སྐུ་ཕྲེང་བརྒྱད་པར་རབ་བྱུང་གི་སྡོམ་པ་འབོགས་གནང་མཛད། ཁྲི་པའི་དུས་ཡུན་རིང་དགའ་ལྡན་ཡངས་པ་ཅན་ཉམས་གསོ་མཛད། དེ་བཞིན་ཐན་སྐྱ་དགོན་དང་ཕག་མོ་ཆོས་སྡེ་སོགས་དགོན་སྡེ་ཁག་གཅིག་གི་དགོན་བདག་ཀྱང་མཛད།
དཔྱད་གཞིའི་ཡིག་ཆ་ཁག།
Bstan pa bstan 'dzin. 1992. 'Jam mgon rgyal wa'i rgyal tshab gser khri rim byon rnams kyi khri rabs yongs 'du'i ljon bzang. Mundgod: Drepung Gomang Library, p. 73.
Grong khyer lha sa srid gros lo rgyus rig gnas dpyad yig rgyu cha rtsom 'bri au yon lhan khang. 1994. Dga' ldan dgon pa dang brag yer pa'i lo rgyus, grong khyer lha sa'i lo rgyus rig gnas deb 02. Bod ljongs shin hwa par 'debs bzo grwa khang, p. 64.
Sde srid sangs rgyas rgya mtsho. 1989 (1698). Dga' ldan chos 'byung baiDU r+ya ser po. Beijing: Krung go bod kyi shes rig dpe skrun khang, pp. 86-87.