ཞི་བ་ལྷ་སྐུ་ཕྲེང་གཉིས་པ་སངས་རྒྱས་འབྱུང་གནས་ནི་ཆབ་མདོ་བྱམས་པ་གླིང་གདན་སར་བྱས་པའི་དགེ་ལུགས་པའི་སྤྲུལ་སྐུ་ཞིག་ཡིན་ལ། འཕགས་པ་ལྷ་སྐུ་ཕྲེང་གཉིས་པ་སངས་རྒྱས་དཔལ་གྱི་ཚ་བོ་ཡིན། འཕགས་པ་ལྷས་ཁོང་ལ་སྒེར་ངོས་ནས་བཀའ་ཁྲིད་དང་མན་ངག་གནང་ཞིང་ཕྱིས་སུ་ཁོས་ཕྱིར་དྲུང་ཡིག་མཛད་པ་རེད། སངས་རྒྱས་འབྱུང་གནས་ཀྱིས་འཕགས་པ་ལྷ་སྐུ་ཕྲེང་གསུམ་པ་ཞི་བ་བཟང་པོ་ལ་ཡོངས་འཛིན་མཛད་པར་མ་ཟད། སྐུ་ཚེ་རིང་བོར་བཞུགས་ཏེ་འཕགས་པ་ལྷ་སྐུ་ཕྲེང་བཞི་བ་ཆོས་ཀྱི་རྒྱལ་པོར་ཡང་ཡོངས་འཛིན་མཛད། སངས་རྒྱས་འབྱུང་གནས་ཀྱིས་ཆབ་མདོ་བྱམས་པ་གླིང་གི་གདན་རབས་བཅོ་ལྔ་པར་བཞུགས་ཤིང་ས་གནས་དེར་སྒོམ་སྒྲུབ་ལའང་གཞོལ་བར་མཛད།
དཔྱད་གཞིའི་ཡིག་ཆ་ཁག།
Anonymous. 1986.Bod kyi lo rgyus rig gnas dpyad gzhi'i rgyu cha gdams bsgrigs. Beijing: Mi rigs dpe skrun khang. Vol. 9, pp 194-196.
Byams pa chos grags. N.d.Chab mdo byams pa gling gi gdan rabs. Chamdo: Chab mdo par 'debs bzo grwa par btab, pp. 264-270.