The Treasury of Lives

སྨྱོ་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེ་ནི་དུས་རབས་ཉི་ཤུ་པའི་སྔ་འགྱུར་རྫོགས་པ་ཆེན་པོའི་ལུགས་ཀྱི་སློབ་དཔོན་མཚན་སྙན་ཆེ་བ་ཞིག་ཡིན། ཁོང་ནི་མདོ་ཁམས་སུ་འཁྲུངས། ཆུང་དུས་མཁན་པོ་ང་དགའ་སོགས་སྐབས་དེའི་སློབ་དཔོན་ཆེན་པོ་རྣམས་ཀྱི་ཞབས་ལ་གཏུགས། ལོ་མང་རིང་དབེན་གནས་བསྟེན་ཏེ་མཚམས་བསྙེན་སྒྲུབ་མཛད། རྒྱ་ནག་དམར་དམག་གིས་བོད་ནང་བཙན་འཛུལ་བྱས་པས་ཁོང་ཕྱི་ལོ་༡༩༥༠ ཡས་མས་བཙན་བྱོལ་ལ་ཕེབས། འབྲུག་ཡུལ་དུ་བཞུགས་ནས་སྲིད་ཀྱི་སྣེ་མོར་གཏོགས་པ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་བཅས་སྐྱ་སེར་ཐམས་ཅད་དང་། དེ་བཞིན་ནུབ་ཕྱོགས་ཡུལ་གྲུ་ཁག་ལ་དམ་ཆོས་འཆད་སྤེལ་གྱི་བྱ་བ་རྒྱ་ཆེར་མཛད།


Khenpo Phuntshok Tashi is the Director of the National Museum of Bhutan.

Published March 2011

དཔྱད་གཞིའི་ཡིག་ཆ་ཁག།

Nyoshul Khenpo. 1995. Natural Great Perfection. Ithaca: Snow Lion.

Nyoshul Khenpo. 2005. A Marvelous Garland of Rare Gems. Richard Barron, trans. Junction City: Dharma Publishing.

གང་ཟག་འདིའི་གསུང་རྩོམ་ཁག་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་སུ་འཚོལ།