ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ནི་སྟོང་འཁོར་དགུ་པའི་མཚན་འཛིན་པའི་སྐུ་སྐྱེ་གཉིས་ཀྱི་ཡ་གྱལ་ཡིན། ཐུབ་བསྟན་འཇིགས་མེད་བསྐལ་བཟང་གི་ཡང་སྲིད་དུ་ངོས་འཛིན་བྱུང་ཞིང་ཨ་མདོ་སྟོང་འཁོར་དགོན་པར་བཞུགས། རྒྱ་ནག་པེ་ཅིན་དུ་ཆིང་གོང་མ་སྔ་ཕྱི་བཞི་ཙམ་གྱི་ཕོ་བྲང་ནང་ལོ་ངོ་བཅུ་ཕྲག་བཞུགས། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པའི་ཡོངས་འཛིན་གནང་། སྟོང་འཁོར་སྐུ་ཕྲེང་དགུ་པ་ཅིག་ཤོས་ནི་ཁམས་སྟོང་འཁོར་བཀྲ་ཤིས་ལྷུན་པོར་བཞུགས་པའི་བླ་མ་བློ་བཟང་ཐུབ་བསྟན་འཇིགས་མེད་ཚུལ་ཁྲིམས་རྒྱ་མཚོ་ཞུ་བ་ཁོང་ཡིན།
དཔྱད་གཞིའི་ཡིག་ཆ་ཁག།
Bsod nams rgya mtsho. 2000.Bstan rtsis ka phreng lag deb. Beijing: Mi rigs dpe skrun khang, p. 236.TBRC W20115.
Grags pa 'byung gnas and Rgyal ba blo bzang mkhas grub. 1992.Gangs can mkhas grub rim byon mingmdzod. Lanzhou: Kan su'u mi rigs dpe skrun khang, pp. 774-775.TBRC W19801.