ལྷ་ལྕམ་མན་ད་ར་ཝ་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་འཕགས་ཡུལ་དུ་བརྟེན་པའི་གསང་ཡུམ་ཡིན་པར་གྲགས་ཤིང་། ཁོང་གི་འཚོ་གཞེས་ལོ་རྒྱུས་རྣམས་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་ལས་རྒྱ་བསྐྱེད་བྱུང་བར་སྣང་། དེ་ཡང་སྔ་རབས་ཀྱི་ཆོས་འབྱུང་ལོ་རྒྱུས་ཁག་ཏུ་མཇལ་རྒྱུ་དཀོན་ལ། འོན་ཀྱང་དུས་ཕྱིས་ཀྱི་མཁས་པ་རྣམས་ཀྱིས་ཁོང་གི་ལོ་རྒྱུས་རྒྱས་པར་བཀོད་པས། མཐར་ཁོང་ཉིད་ཀྱང་སྐྱེས་ཆེན་དམ་པའི་རྣམ་ཐར་གྱི་བརྗོད་བྱ་གཙོ་བོ་ཞིག་ཏུ་གྱུར་བར་སྣང་ཞིང་། གང་ཉིད་ཀྱི་སྐུ་བརྙན་སོགས་ཀྱང་སློབ་དཔོན་རིན་པོ་ཆེའི་གཡས་ངོས་སུ་བཞུགས་སུ་གསོལ་བ་མཇལ་རྒྱུ་ཡོད་དོ།།
དཔྱད་གཞིའི་ཡིག་ཆ་ཁག།
Lama Chonam and Sanggye Khandro, trans. 1998. The Lives and Liberation of Princess Mandarava. Boston: Wisdom Publications.