ཁྲི་ཆེ་ལེགས་པའི་བློ་གྲོས་ནི་༧རྒྱལ་དབང་སྐུ་ཕྲེང་དང་པོ་སོགས་བཤེས་གཉེན་མང་པོའི་དྲུང་དུ་སློབ་གཉེར་གནང་། ཉི་མ་ཐང་དགོན་པའི་སློབ་དཔོན་དང་། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་མཁན་པོ་མཛད། དེ་ནས་དགའ་ལྡན་ཁྲི་ཐོག་བཅུ་གཉིས་པར་མངའ་གསོལ་ཞིང་། ཕྱི་ལོ་༡༥༡༡ ནས་༡༥༡༦ བར་ཁྲི་པ་མཛད།
དཔྱད་གཞིའི་ཡིག་ཆ་ཁག།
Anon. 1994.Dga' ldan dgon pa dang brag yer pa'i lo rgyus. Lhasa: Grong khyer lha sa'i khul, p. 60.
Grags pa 'byungs gnas and Blo bzang mkhas grub.Gangs can mkhas sgrub rim byon ming mdzod,Kan su'u mi rigs dpe skrun khang, pp. 647-648.
Sde srid sangs rgyas rgya mtsho. 1989 (1698).Dga' ldan chos 'byung baiDU r+ya ser po. Beijing: Krung go bod kyi shes rig dpe skrun khang, p. 80.