སྟོང་འཁོར་སྐུ་ཕྲེང་བདུན་པ་སྐལ་བཟང་འཇམ་དབྱངས་རྒྱ་མཚོ་ནི་སྟོང་འཁོར་སྐུ་ཕྲེང་ལྔ་པ་ངག་དབང་བསོད་ནམས་རྒྱ་མཚོ་དགོངས་པ་རྫོགས་པའི་རྗེས་ཡང་སྲིད་སྐུ་བརྒྱུད་གཉིས་སུ་གྱེས་པའི་ཡ་གྱལ་ཨ་མདོ་སྟོང་འཁོར་དགོན་པར་བཞུགས་པའི་སྟོང་འཁོར་སྐུ་ཕྲེང་དྲུག་པ་ངག་དབང་འཇམ་དབྱངས་བསྟན་འཛིན་རྒྱ་མཚོའི་ཡང་སྲིད་ཡིན། དགུང་ལོ་བཅུ་གསུམ་པའི་ཐོག་ལྷ་སར་ཕེབས་ཏེ་རིང་པོར་མ་ལོན་པ་དགོངས་པ་རྫོགས། སྟོང་འཁོར་སྐུ་ཕྲེང་བདུན་པ་གཅིག་ཤོས་ནི་ཁམས་ཕྱོགས་སུ་བཞུགས་པའི་བླ་མ་བློ་བཟང་མདོ་རྒྱུད་ཡེ་ཤེས་བསྟན་པའི་རྒྱལ་མཚན་ཞུ་བ་ཁོང་ཡིན།
དཔྱད་གཞིའི་ཡིག་ཆ་ཁག།
Bsod nams rgya mtsho. 2000.Bstan rtsis ka phreng lag deb. Beijing: Mi rigs dpe skrun khang, p. 236.TBRC W20115.
Grags pa 'byung gnas and Rgyal ba blo bzang mkhas grub. 1992.Gangs can mkhas grub rim byon mingmdzod. Lanzhou: Kan su'u mi rigs dpe skrun khang, p. 770.TBRC W19801.