རྒྱལ་ཚབ་དར་མ་རིན་ཆེན་ནི་རྗེ་ཙོང་ཁ་པའི་ཐུགས་སྲས་གཙོ་བོ་ཞིག་ཡིན། ཁོང་ནས་དབུ་མའི་ལྟ་བ་དང་། དེ་བཞིན་གསང་སྔགས་དང་འབྲེལ་བའི་གཞུང་ལུགས་མང་པོ་བརྩམས་ཤིང་། དེའི་ཁོངས་ནས་གྲགས་ཆེ་བ་ནི་སྤྱོད་འཇུག་རྣམ་བཤད་སོགས་ཡིན། ཕྱི་ལོ་༡༤༡༩ ལོར་རྗེ་ཙོང་ཁ་པ་ཆེན་པོ་དགོངས་པ་མྱ་ངན་ལས་འདས་པའི་རྗེས་སུ་ཁོང་དགའ་ལྡན་དགོན་པའི་མཁན་པོར་མངའ་གསོལ་ཞིང་། སྐུའི་བཀོད་པ་མ་བསྡུས་ཀྱི་བར་དགའ་ལྡན་ཁྲི་པ་ཞེས་ཡོངས་སུ་གྲགས་པའི་མཚན་གནས་དང་འགན་དབང་བདག་གིར་བཞེས།
དཔྱད་གཞིའི་ཡིག་ཆ་ཁག།
Grags pa 'byung gnas. 1992. Gangs can mkhas grub rim byon ming mdzod. Lanzhou: Kan su'u mi rigs dpe skrun khang, pp. 407-408
Sde srid sangs rgyas rgya mtsho. 1989 (1698). Dga' ldan chos 'byung baiDU r+ya ser po. Beijing: Krung go bod kyi shes rig dpe skrun khang, pp.73-75.
Tshe mchog gling yongs 'dzin ye shes rgyal mtshan. 1970 (1787). Byang chub lam gyi rim pa'i bla ma brgyud pa'i rnam par thar pa rgyal mtshan mdzes pa'i rgyan mchog phul byung nor bu'i phreng ba. New Delhi: Ngawang Gelek Demo. Volume 1, pp. 814-822.
Ye shes rgyal mtshan. 1990. Sras kyi thu bo rgyal tshab dar ma rin chen gyi rnam thar. In Lam rim bla ma brgyud pa'i rnam thar, pp. 386-394. Lhasa: Bod ljongs mi dmangs dpe skrun khang.