གྲུབ་ཆེན་ཀུན་དགའ་བློ་གྲོས་ནི་སྐུ་དྲག་ཁྱིམ་རྒྱུད་ཅིག་དུ་སྐུ་འཁྲུངས་ཤིང་། རབ་ཏུ་བྱུང་སྟེ་མི་ཚེ་གང་བོར་དམ་པའི་ཆོས་ལ་འབད་པར་མཛད། དགེ་བའི་བཤེས་གཉེན་མང་པོ་བསྟེན་ནས་ཐོས་བསམ་མཛད་པས། རྗེ་དོལ་པོ་པའི་སྲས་ཀྱི་ཐུ་བོ་ཉ་དབོན་ཀུན་དགའ་དཔལ་གྱི་རྒྱུད་འཛིན་དུ་གྱུར་ཏེ། རྩེ་ཆེན་དགོན་དུ་གདན་སར་བྱས། ཁོང་ནི་ཇོ་ནང་དང་ས་སྐྱའི་ལུགས་གཉིས་ལ་ཤིན་ཏུ་མཁས་ཤིང་། ཇོ་ནང་ལུགས་ཀྱི་དུས་འཁོར་དང་ས་སྐྱའི་ལམ་འབྲས་ལ་ཤིན་ཏུན་མཁས་པར་གྲགས། བུ་སྟོན་རིན་ཆེན་གྲུབ་གྱི་རྣམ་སྤྲུལ་དུ་གསུང་།
དཔྱད་གཞིའི་ཡིག་ཆ་ཁག།
Anonymous. 1456. Dpal ldan bla ma’i rnam par thar pa dngos grub kyi rgya mtsho, dbu med ms., 106 fols.
Taranatha. 1983. , Necessary Dpal dus kyi ’khor lo’i chos bskor gyi byung khungs nyer mkho, In The Collected Works of Jo-nang rje-btsun TAranAtha, vol. 2: pp. 1–43. Leh: Smanrtsis Shesrig Dpemdzod, 1983, pp. 39–40.