The Treasury of Lives

ཞི་བ་ལྷ་སྐུ་ཕྲེང་བཞི་པ་འཕགས་པ་དགེ་ལེགས་རྒྱལ་མཚན་ནི་ཁམས་ཕྱོགས་སུ་སྐུ་འཁྲུངས། ཁོང་སེ་ར་དགོན་པར་སློབ་གཉེར་གནང་། ༸རྒྱལ་མཆོག་སྐུ་ཕྲེང་བདུན་པ་དང་། ༸པཎ་ཆེན་སྐུ་ཕྲེང་ལྔ་པ། གཞན་ཡང་སྐྱེས་ཆེན་ཁག་གཅིག་གི་དྲུང་ནས་ཆོས་གསན། མན་ཆིང་གོང་མ་ཆན་ལུང་གི་ཕོ་བྲང་ནས་ཁོང་ལ་ཧུ་ཐུག་ཐུའི་མཚན་གནས་གནང་། ཆབ་མདོ་བྱམས་པ་གླིང་དགོན་པའི་མཁན་རབས་ཉེར་གཉིས་པའི་ཁྲི་ལ་ཕེབས། དེར་ཁོང་གིས་འཕགས་པ་ལྷ་སྐུ་ཕྲེང་བདུན་པ་གདུང་འཚོབ་ཏུ་རྗེས་སུ་བཟུང་བས་རིམ་གྱིས་ཁོང་ཡང་དགོན་པའི་མཁན་པོ་མཛད། 


Samten Chhosphel earned his PhD from CIHTS in India where he served as the head of Publication Dept. for 26 years. He has a Master’s degree in Writing and Publishing from Emerson College, Boston. Currently he is an adjunct Assistant Professor at the City University of New York, and Language Associate in Columbia University, NY.

Published July 2010

དཔྱད་གཞིའི་ཡིག་ཆ་ཁག།

Anonymous. 1986. Bod kyi lo rgyus rig gnas dpyad gzhi'i rgyu cha gdams bsgrigs. Beijing: Mi rigs dpe skrun khang. Vol. 9, pp 197-198.

Byams pa chos grags. N.d. Chab mdo byams pa gling gi gdan rabs. Chamdo: Chab mdo par 'debs bzo grwa par btab, pp. 349-353, 520.

གང་ཟག་འདིའི་གསུང་རྩོམ་ཁག་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་སུ་འཚོལ།