The Treasury of Lives

The Rongwo Drubchen incarnation line dates to the seventeenth century when Ngawang Trinle Gyatso was identified as the reincarnation of Shar Kelden Gyatso, who was posthumously named the First Rongwo Drubchen. The seat is at Rongwo Monastery in Rebkong, Amdo, where the First Rongwo Drubchen established a Geluk college, and thus converted the institution from Sakya to Geluk. The line is also called the Shar Kelden incarnation line. 

Timeline

Biographies

ཤར་སྐལ་ལྡན་རྒྱ་མཚོ་ནི་རོང་བོ་དགོན་དུ་གདན་སར་མཛད་པའི་དགེ་ལུགས་ཀྱི་བླ་མ་གྲགས་ཆེན་ཞིག་ཡིན་ལ། ཁོང་གིས་ལོ་ངོ་བཅུ་ལ་ལྷ་སའི་གྲྭ་ས་ཆེན་མོ་དག་ཏུ་ཐོས་བསམ་མཛད་ཅིང་། ཕྱིས་སུ་ཕྱིར་ཨ་མདོར་ཕེབས་ཏེ་མུ་མཐུད་ནས་བསླབ་པ་དོན་གཉེར་མཛད་ཅིང་རོང་བོ་དགོན་གྱི་ཁྲི་པར་བཞུགས།

རོང་བོ་གྲུབ་ཆེན་སྐུ་ཕྲེང་གཉིས་པ་ངག་དབང་འཕྲིན་ལས་རྒྱ་མཚོ་ནི་ཤར་སྐལ་ལྡན་རྒྱ་མཚོའི་སྤྲུལ་སྐུ་ཡིན་ལ། ཁོང་ཉིད་ཨ་མདོ་རུ་སྐུ་འཁྲུངས་ཤིང་དབུས་སུ་ལོ་ངོ་བཅུ་གསུམ་ལ་ཐོས་བསམ་མཛད་རྗེས། ཕྱིར་རོང་བོ་དགོན་དུ་ཕེབས་ཏེ་གདན་ས་བསྐྱངས།

རོང་བོ་གྲུབ་ཆེན་སྐུ་ཕྲེང་གསུམ་པ་དགེ་འདུན་འཕྲིན་ལས་རབ་རྒྱས་ལ་ཤར་སྐལ་ལྡན་སྐུ་ཕྲེང་གསུམ་པ་ཞེས་ཀྱང་བྱ། ཁོང་ནི་རོང་བོ་དགོན་ཆེན་དུ་གདན་ས་བྱས་པའི་བླ་མ་གྲགས་ཆེན་ཞིག་ཡིན་ལ། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཐོས་བསམ་མཛད། རོང་བོ་དགོན་ཆེན་ལ་དུས་འཁོར་གྲྭ་ཚང་དང་རྫོང་དམར་སྒྲུབ་སྡེ་གཉིས་བཙུགས།

རོང་བོ་གྲུབ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་གྲགས་རྒྱ་མཚོ་ནི་ཨ་མདོ་རོང་བོ་དགོན་ཆེན་གྱི་ནང་པའི་མཁས་ཆེན་དམ་པ་ཞིག་ཡིན་ལ། ཁོང་གིས་ལྷ་སའི་དགའ་ལྡན་དགོན་དུ་ཐོས་བསམ་མཛད།

རོང་བོ་གྲུབ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་འཕྲིན་ལས་རྒྱ་མཚོ་ལ་ཤར་སྐལ་ལྡན་སྐུ་ཕྲེང་ལྔ་པ་༷ཞེས་ཀྱང་འབོད། ཁོང་ཨ་མདོ་རོང་བོ་དགོན་ཆེན་དུ་བཞུགས་ཤིང་། དགུང་ལོ་བཅོ་ལྔ་ལས་མ་བཞུགས་པར་སྐུ་གཤེགས།

རོང་བོ་གྲུབ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་བསྟན་པའི་རྒྱལ་མཚན་ལ་ཤར་སྐལ་ལྡན་སྐུ་ཕྲེང་དྲུག་པ་ཞེས་ཀྱང་བྱ་ཞིང་། ཨ་མདོ་རོང་བོ་དགོན་ཆེན་དུ་གདན་ས་བྱེད་པའི་དགེ་ལུགས་པའི་བླ་མ་གྲགས་ཅན་ཞིག་ཡིན། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཐོས་བསམ་མཛད། རོང་བོ་དགོན་དུ་ཁྲི་པ་མཛད་སྐབས་འདུ་ཁང་གསར་དུ་བཞེངས།