The Treasury of Lives

The Gungtang incarnations is a Geluk line based at Labrang Monastery in Amdo. In the early eighteenth century, the Second Gungtang Ngawang Tenpai Gyeltsen  was recognized as the reincarnation of the Fiftieth Ganden Tripa, Gendun Puntsok, also known as Tri Gungtangpa. The Gungtang line has its primary seat at Labrang Tashikyil, where most of the Gungtang lamas have been abbots. The Third Gungtang, Kunchok Tenpai Dronme was especially famous all over Tibet for his scholarship.

Timeline

Biographies

དགེ་འདུན་ཕུན་ཚོགས་ནི་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོའི་སློབ་མ་དང་དགའ་ལྡན་ཁྲི་ཐོག་ལྔ་བཅུ་པ་ཡིན་ཞིང་། ཕྱི་ལོ་༡༧༡༤ ནས་༡༧༢༡ བར་ཁྲི་པ་མཛད། འབྲས་སྤུངས་སྒོ་མང་དང་རྒྱུད་སྨད་གྲྭ་ཚང་དུ་སློབ་གཉེར་གནང་། ཁོང་ནི་གསང་སྔགས་ལ་ཞུགས་པའི་རྣལ་འབྱོར་པ་མཚན་སྙན་ཆེ་བ་ཞིག་ཡིན་ཞིང་། རྗེ་ཙོང་ཁ་པའི་དངུལ་གདུང་ཆེན་མོ་དེ་ཉིད་རྫུ་འཕྲུལ་གྱིས་གསེར་གདུང་དུ་བསྒྱུར་བར་སོག་པོ་ལྷ་བཟང་ཁཱང་ནས་ཀྱང་ཆེ་བསྟོད་རྒྱ་ཆེར་གནང་ཞེས་ཟེར། ཁོང་གི་ཡང་སྲིད་རིམ་བྱོན་རྣམས་ལ་གུང་ཐང་བླ་མ་ཞེས་པའི་མཚན་གསོལ། 

གུང་ཐང་སྐུ་ཕྲེང་གཉིས་པ་ངག་དབང་བསྟན་པའི་རྒྱལ་མཚན་ནི་དགེ་ལུགས་པའི་མཁས་ཆེན་དམ་པ་ཞིག་ཡིན་ལ། ཁོང་གིས་འབྲས་སྤུངས་དང་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཐོས་བསམ་མཛད་ཅིང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲི་རབས་ལྔ་པ་དང་བརྒྱད་པའི་འགན་བཞེས། མན་ཇུའི་གོང་མ་མཇལ་བས་སོག་པོའི་བླ་ཐོབ་ཧུ་ཐོག་ཐུ་ཞེས་པའི་མཚན་གནང་ཞིང་། བོད་དུ་ཧུ་ཐོག་ཐུ་ཞེས་པའི་མཚན་ཅན་གྱི་བླ་མ་བརྒྱད་ཡོད་པའི་ཡན་ལག་ཏུ་གྱུར། པཎ་ཆེན་སྐུ་ཕྲེང་ལྔ་པས་ཁོང་ཉིད་དགའ་ལྡན་ཁྲི་པ་ལྔ་བཅུ་པ། གུང་ཐང་ཆོས་སྡེར་ཁྲི་པ་མཛད་མྱོང་པའི་ཁྲི་གུང་ཐང་པ་ཞེས་འབོད་པ་དེའི་སྤྲུལ་སྐུར་ངོས་འཛིན་མཛད། ཁོང་གིས་སྦྱིན་བདག་མཛད་ཅིང་སྣེ་ཁྲིད་དེ་བླ་བྲང་བཀྲ་ཤིས་འཁྱིལ་ལ་དངུལ་བྲིས་བསྟན་འགྱུར་ཆ་ཚང་ཞིག་དང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བརྒྱད་སྟོང་བ་པོད་བརྒྱ་དང་། གཞན་ཡངསྐུ་གསུང་ཐུགས་རྟེན་མང་པོ་བཞེངས་པར་མཛད།

The Third Gungtang Lama Konchok Tenpai Dronme was identified as reincarnation of the Second Guntang Ngawang Tenpai Gyeltsen. He studied in Drepung Gomang College near Lhasa and Labrang Tashikhyil in Amdo, and later he served as the twenty-first abbot of the monastery. He also served as the first abbot of Ngawa Gomang Monastery. Familiar with Chinese and Mongolian languages, he spent most of his life in teaching and composing texts on many subjects such as ethics and medicine as well as religion.

The Fourth Gungtang Lama, Konchok Tenpai Gyatso was a Geluk scholar who received his basic education presumably in Labrang Monastery in Amdo and furthered his studies in Drepung Monastery. He served as the Forty-eighth throne holder of Labrang Monastery and reformed the system of education and also codes of disciplines in the monastery.

གུང་ཐང་སྐུ་ཕྲེང་ལྔ་པ་འཇམ་དབྱངས་བསྟན་པའི་ཉི་མས་ཨ་མདོ་རུ་ཐོས་བསམ་མཛད་ཅིང་། བླ་བྲང་དགོན་གྱི་གདན་རབས་རེ་དགུ་པ་ཡིན། ཁོང་ནི་སོག་ཡུལ་དུ་གང་སར་ཕེབས་ཤིང་འཆད་ཉན་རྒྱ་ཆེར་སྤེལ།

གུང་ཐང་སྐུ་ཕྲེང་དྲུག་པ་འཇིགས་མེད་བསྟན་པའི་དབང་ཕྱུག་གིས་སྤྱི་ལོ ༡༩༥༤ ནས ༡༩༥༨ ལོའི་བར་བླ་བྲང་དགོན་གྱི་ཁྲི་པའི་འགན་བཞེས་ཤིང་། ཕྱིས་སུ་སྤྱི་ལོ ༡༩༩༠ ལོར་ཡང་བསྐྱར་ཁྲི་པར་བཞུགས། ཁོང་ནི་ལོ་རྒྱུས་ཀྱི་གོ་ཆག་རྐྱེན་གྱིས་ལོ་ངོ་ཉེར་གཅིག་ལ་བཙོན་དུ་བཅུག་ཅིང་སྤྱི་ལོ ༡༩༧༩ ལོར་བཙོན་གྲོལ་འཐོབ། ཁོང་ཉིད་བཙོན་གྲོལ་ཐོབ་རྗེས་བླ་བྲང་དང་ཨ་མདོའི་ཡུལ་དུ་ཆོས་ལུགས་སླར་གསོ་བྱེད་པ་ལ་མཛད་རྗེ་བླ་ན་ཆེ། རྒྱལ་དབང་སྐུ་ཕྲེང་བཅུ་པར་དད་པ་ཡོད་ཚུལ་དང་བོད་རང་བཙན་ཡོང་བར་རེ་བ་བྱེད་བཞིན་ཡོད་ཅེས་ཁྲོམ་བསྒྲགས་མཛད། སྤྱི་ལོ ༡༩༩༤ ལོར་ཁོང་གི་དུས་འཁོར་དབང་ཆེན་ཆེས་རྗེས་མ་སྟེ་ཐེངས་བཅུ་པ་གནང་བས་མི་ཚོགས་ཁྲི་ཕྲག་མང་པོ་བླ་བྲང་དུ་འདུས། སྤྱི་ལོ ༢༠༠༠ལོར་པེ་ཅིན་དུ་སྨན་ཁང་ཞིག་ནས་སྐུ་གཤེགས་ཤིང་། ཁོང་གི་གཤེགས་རྐྱེན་ནི་ད་ལྟ་བར་དུ་དད་ལྡན་མང་ཚོགས་ཀྱི་དོགས་པའི་གནས་ཤིག་ཏུ་གྱུར་ཡོད་པ་རེད།