The Treasury of Lives

The Dzogchen Ponlop are a Nyingma incarnation line based at Dzogchen monastery in Derge. Namkha Osel, who was posthumously identifiedf as the first in the line, assisted the First Dzogchen Drubwang Pema Rigdzin in establishing Dzogchen Monastery in 1684. The sixth incarnation, Jikdrel Tsewang Dorje, was the brother of the Sixteenth Karmapa.

Timeline

Biographies

རྫོགས་ཆེན་དཔོན་སློབ་སྐུ་ཕྲེང་དང་པོ་ནམ་མཁའ་འོད་གསལ་ནི་རྫོགས་ཆེན་གྲུབ་དབང་སྐུ་ཕྲེང་དང་པོ་པདྨ་རིག་འཛིནགྱི་སློབ་མ་དང་། རྫོགས་ཆེན་དགོན་པའི་མཁན་རབས་གཉིས་པ་ཡིན། ཕྱི་ལོ་༡༦༨༤ ལོར་རྫོགས་ཆེན་དགོན་པ་ཕྱག་འདེབས་རྒྱུའི་ཐད་ཞབས་འདེགས་གང་འོས་བསྒྲུབས། ཁོང་གིས་རྫ་ཁོག་ཏུ་ལེགས་དགོན་གསང་ཆེན་སྨིན་གྲོལ་གླིང་ཕྱག་བཏབ།

པདྨ་གསང་སྔགས་བསྟན་འཛིན་ནི་རྫོགས་ཆེན་དཔོན་སློབ་སྐུ་ཕྲེང་གཉིས་པ་ཡིན། སྐུ་ཤིན་ཏུ་ཡ་མཚར་བ་ཞིག་ཏུ་བཤད་ལ། གདན་ས་དེ་ཉིད་ཆེས་རྒྱ་བསྐྱེད་པའི་སྐབས་ཤིག་ཏུ་འཁྲུངས་སོ།

ནམ་མཁའ་ཆོས་ཀྱི་རྒྱ་མཚོ་ནི་རུ་དམ་ལུང་པའི་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་རྫོགས་ཆེན་དཔོན་སློབ་སྐུ་ཕྲེང་གསུམ་པ་ཡིན། ཁོང་ནི་སྐུ་ན་བཅོ་ལྔར་སོན་དུས་དགོངས་པ་རྫོགས།

འཇིགས་མེད་ཆོས་དབྱིངས་འོད་གསལ་ནི་རྫོགས་ཆེན་དཔོན་སློབ་སྐུ་ཕྲེང་བཞི་པ་ཡིན་ལ། རྫོགས་ཆེན་གྲུབ་དབང་སྐུ་ཕྲེང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ཡི་བུ་སློབ་ཡིན་པ་ལས་གནས་ཚུལ་གཞན་མ་རྙེད་དོ།

དཀོན་མཆོག་བསྟན་པའི་ཉི་མ་ནི་རུ་དམ་གྱི་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་རྫོགས་ཆེན་དཔོན་སློབ་སྐུ་ཕྲེང་ལྔ་པ་ཡིན་ལ། སྐུ་ན་བཅོ་ལྔའི་སྟེང་སྐུ་གཤེགས།

འཇིགས་བྲལ་ཚེ་དབང་རྡོ་རྗེ་ནི་རྫོགས་ཆེན་དཔོན་སློབ་སྐུ་ཕྲེང་དྲུག་པ་ཡིན་ལ། འདན་དུ་སྐུ་འཁྲུངས་ཤིང་སྐུ་གཅེན་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རང་བྱུང་ཨོ་རྒྱན་རྡོ་རྗེ་དང་ལྷན་དུ་འབྲས་ལྗོངས་སུ་བྲོས་བྱོལ་དུ་ཕེབས།