The Treasury of Lives

The Dalai Lamas are a Geluk incarnation line whose Ganden Podrang government ruled Tibet from the seventeenth to the mid-twentieth century. It was the Third Dalai Lama, Sonam Gyatso, who was given the title of Dalai Lama by the leader of the Tumet Mongols, Altan Khan, which was posthumously applied to his previous incarnations, Gendun Drub and Gendun Gyatso. The Fourth Dalai Lama's Mongolian heritage cemented the Geluk-Mongol alliance, and with the Fifth Dalai Lama, the governance of Tibet by the Dalai Lamas began. It was the Fifth who also shifted the Dalai Lama’s residence from Ganden Podrang at Drepung Monastery to the newly constructed Potala Palace in Lhasa, henceforth the seat of the Tibetan government. The Thirteenth Dalai Lama declared independence from Beijing and ruled as head of a sovereign state. In 1950 Chinese forces occupied the country and the Fourteenth Dalai Lama fled to India, where he still lives in exile.

Timeline

Biographies

༧རྒྱལ་བ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་ནི་ཐོག་མར་སྣར་ཐང་དགོན་དུ་རབ་ཏུ་བྱུང་ཞིངསློབ་གཉེར་མཛད་ལ། ཕྱིས་སུ་རྒྱལ་བ་ཙོང་ཁ་པ་ཆེན་པོའི་ཉེ་བའི་སྲས་ཆེན་ཞིག་ཏུ་གྱུར། ཁོང་གིས་གསར་དུ་དར་བའི་རི་བོ་དགེ་ལྡན་པའི་བསྟན་པ་གཙང་ཕྱོགས་སུ་སྤེལ་བའི་མཛད་འཕྲིན་བསྐྱངས་པའང་། ཕྱི་ལོ་༡༤༤༧ ལོར་གཙང་བཀྲ་ཤིས་ལྷུན་པོའི་དགོན་པ་ཕྱག་བཏབ་ཅིང་། ཕྱི་ལོ་༡༤༨༤ བར་ཆོས་གྲྭ་ཆེན་པོ་འདི་ཉིད་ཀྱི་མཁན་རབས་ཐོག་མ་དེ་མཛད་པ་ཡིན། ཁོང་སྐུ་མྱ་ངན་ལསའདས་པའི་རྗེས་སྐུ་སྐྱེ་ཡང་སྲིད་ངོས་འཛིན་བྱས། དུས་ཕྱིས་ཁོང་ལ་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོའི་མཚན་གསོལ་ཡོད་པའང་། སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོར་ཏཱ་ལའི་བླ་མའི་མཚན་གནས་ཐོག་མར་ཕུལ་རྗེས་སུ་བྱུང་བ་ཞིག་ཏུ་སྣང་ངོ་།།

རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་ནི། རྗེ་དགེ་འདུན་གྲུབ་ཀྱི་ཡང་སྲིད་ཡིན། བོད་དབུས་གཙང་ཁུལ་གྱི་གདན་ས་གསུམ་ཀའི་མཁན་པོ་མཛད་དེ་རི་བོ་དགེ་ལུགས་པའི་བསྟན་པ་དར་སྤེལ་རྒྱ་ཆེར་མཛད། དེ་བཞིན་རང་གི་ཕ་མེས་ཀྱི་ཆོས་ལུགས་རྙིང་མ་དང་། ཤངས་པ་བཀའ་བརྒྱུད། ས་སྐྱ་སོགས་དང་འབྲེལ་བ་ཚུལ་བཞིན་བསྐྱངས། ཕྱི་ལོ་༡༥༣༠ ལོར་འབྲས་སྤུངས་དགོན་པར་གནས་ཁང་ཞིག་བདག་བཞེས་ཀྱིས་དེ་ལ་དགའ་ལྡན་ཕོ་བྲང་ཞེས་མཚན་འདོགས་པར་མཛད། དེ་ཉིད་རིམ་བཞིན་གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་བླ་བྲང་དང་། དུས་ཕྱིས་རྒྱལ་དབང་ལྔ་པ་ཆེན་པོས་སྲིད་དབང་བཞེས་པའི་སྐབས་བོད་ཅན་ལྗོངས་ཀྱི་ཆབ་སྲིད་དབང་ཆའི་བསྟི་གནས་སུ་འགྱུར། ཁོང་གདན་སའི་མཁན་པོ་མཛད་པའི་དུས་དེར་གཙང་གི་བཀའ་བརྒྱུད་པའི་དཔོན་རིགས་ཁག་དང་དགེ་ལུགས་པའི་ཕྱོགས་ཀྱི་ལྷ་སའི་དཔོན་རིགས་དབར་འཁྲུགས་རྩོད་བྱུང་བའི་སྐབས་དང་འཁེལ།

རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་ནི་སོག་པོ་ཐུ་མེད་རྒྱལ་པོ་ཨལ་ཏན་ཁཱན་གྱིས་ཏཱ་ལའི་བླ་མ་ཞེས་མཚན་གསོལ། ཁོང་སྐུ་ཞི་བར་གཤེགས་པའི་རྗེས་སྐུ་རབས་གོང་མ་རྗེ་དགེ་འདུན་གྲུབ་དང་དགེ་འདུན་རྒྱ་མཚོ་རྣམ་གཉིས་ལའང་ཆེ་བརྗོད་ཀྱི་མཚན་འདི་ཉིད་སྦྱར། སོག་པོ་ནང་པའི་བསྟན་པར་ལན་གཉིས་བསྒྱུར་ཞེས་པའི་ལན་གཉིས་པའི་དུས་སུ་ཁོང་ནས་བོད་རྒྱུད་ནང་བསྟན་སྤྱི་དང་ལྷག་པར་རི་བོ་དགེ་ལྡན་པའི་བསྟན་པ་ཡུལ་དེ་ཉིད་དུ་དར་སྤེལ་རྒྱ་ཆེར་མཛད། ཁོང་གིས་སྐུ་འབུམ་བྱམས་པ་གླིང་དང་། ལི་ཐང་དགའ་ལྡན་ཐུབ་ཆེན་ཆོས་འཁོར་གླིང་། རྣམ་རྒྱལ་གྲྭ་ཚང་སོགས་ཕྱག་བཏབ། ཕྱི་ལོ་༡༥༨༡ ལོར་ཆབ་མདོ་བྱམས་པ་གླིང་དགོན་པའི་ཁྲི་ལ་ཕེབས་ཏེ་ཟླ་བ་དྲུག་ཙམ་རིང་དགོན་པ་དེའི་ཁྲི་པ་བཅུ་གསུམ་པའི་ཐུགས་འགན་བཞེས།

རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ་ནི། རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་གདན་འདྲེན་ཞུ་མཁན་སོག་པོ་ཇིང་གེར་ཨལ་ཏན་རྒྱལ་པོའོ་དབོན་པོར་སོག་ཡུལ་དུ་སྐུ་བལྟམས། སྐུ་ན་ཆུང་ངུ་ལས་མ་བཞུགས་པར་དགོངས་པ་ཞི་བར་གཤེགས་ཀྱང་ཁོང་སོག་པོར་འཁྲུངས་པའི་རྒྱུ་མཚན་གྱིས་སོག་པོ་དང་དགེ་ལུགས་པའི་བར་འབྲེལ་བ་དམ་ཟབ་ཏུ་གྱུར་ཏེ་སྐབས་དེའི་འབྲས་སྤུངས་ཁྲི་པར་ཡང་བོད་ཀྱི་སྲིད་དབང་ཐད་དབང་ཆ་གང་འཚམས་ཞིག་ཐོབ་པར་བཤད།

རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའམ་གོང་ས་ལྔ་པ་ཆེན་པོ་ཞེས་ཡོངས་སུ་གྲགས་པ་དེ་ནི། བོད་ས་ཡོངས་ལ་ཆབ་སྲིད་ཀྱི་མངའ་དབང་མཛད་དེ་སོག་པོ་དང་ཆིང་གོང་མ་སོགས་ལ་འབྲེལ་བ་དམ་ཟབ་གནང་མཁན་གྱི་ཏ་ལའི་བླ་མ་ཐོག་མ་དེ་ཡིན། ཁོང་ནི་ཆོས་སྲིད་གཉིས་ཀར་མཁྱེན་རྩལ་ཕུལ་དུ་བྱུང་ཞིང་། ཆབ་སྲིད་ཀྱི་ཐབས་གྲོས་ཙམ་དུ་མ་ཟད། ནང་དོན་རིག་པ་སོགས་རིག་གནས་མཐའ་དག་ལ་མཁས་ཤིང་བསྟན་བཅོས་ཀྱི་འགྲེལ་པ་དང་། ཆོ་ག སྒྲུབ་ཐབས། ལོ་རྒྱུས། རྣམ་ཐར་སོགས་གཞུང་མང་པོ་བརྩམས། ཁོང་ནས་བོད་དུ་ཇོ་ནང་པའི་བསྟན་པ་ཉམས་དམས་པར་བྱས་ཏེ་དགོན་སྡེ་མང་པོ་དགེ་ལུགས་ལ་བསྒྱུར་བ་སོགས་ཆོས་ལུགས་དབར་གྱི་འཁྲུག་རྩོད་དང་དགེ་ལུགས་པའི་བསྟན་པ་རྒྱ་ཆེར་སྤེལ། དེ་ལྟར་ནའང་རང་གི་ཡབ་མེས་ཀྱི་ཆོས་བརྒྱུད་ལ་གཙིགས་ཆེ་བས་རྙིང་མའི་དགོན་པ་ཁག་གཅིག་གསར་བཞེངས་དང་ཉམས་གསོ་སོགས་མཛད། དེ་བཞིན་གོང་ས་ལྔ་པ་ཆེན་པོ་ནི་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་ངོས་འཛིན་བྱེད་ལ། ཁོང་གི་བཞུགས་གནས་ལྷ་སའི་ཕོ་བྲང་ཆེན་པོ་པོ་ཏ་ལ་ཡང་འཕགས་མཆོག་འཇིག་རྟེན་མགོན་པོའི་ཞལ་ཡས་ཁང་པོ་ཊ་ལ་ཀ་དང་མཚན་མཐུན་པར་བཏགས།

རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་སྐུ་ཚེ་མཛད་འཕྲིན་གྱི་རྣམ་ཐར་ནི་རྒྱུན་སྲོལ་ཉམས་བཞེས་ཀྱི་ཆ་དང་ལོ་རྒྱུས་ཁ་མི་གསལ་བའི་རྩོད་གཞིའི་རང་བཞིན་ཅན་གྱི་ཆ་གཉིས་ཀ་དང་ལྡན། ཁོང་ཡང་སྲིད་ངོས་འཛིན་བྱུང་རྗེས་ལོ་ངོ་བཅུ་ཕྲག་ལྷག་བཟང་བཙོན་ལྟ་བུར་བཀག་ཉར་གྱིས་བོད་ཀྱི་ཆབ་སྲིད་འཁྲུག་ཆ་ཆེ་བའི་སྐབས་ཤིག་ལ་གསེར་ཁྲིར་མངའ་གསོལ། ཁོང་ནི་ཕལ་ཆེ་བས་སྙན་ངག་མཁན་ཞིག་ཡིན་པར་གླེང་བ་མ་ཟད། རྗེས་སུ་བསྙེན་རྫོགས་ཀྱི་སྡོམ་པ་མ་བླངས་ཤིང་སྡོམ་པ་འོག་མའང་མ་བསྲུངས་པའི་རྒྱུ་མཚན་གྱིས་འགའ་རེས་ཚུལ་འཆལ་དང་། ཡང་འགའ་རེས་རང་དབང་ལ་ཆེས་མོས་པའི་སྐྱེས་ཆེན་ཞིག་ཏུ་ངོས་འཛིན་བྱེད། སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྐུ་བཀྲོངས་པའི་རྗེས་སུ་ཁོང་རྒྱ་ནག་མན་ཇུ་གོང་མས་པེ་ཅིང་དུ་བཀའ་འགུགས་གནང་། ལོ་རྒྱུས་ཁག་གཅིག་གི་ནང་ཁོང་ཕྱི་ལོ་༡༧༠༦ ལོར་ཚ་བའི་ནད་ཀྱིས་ཟིན་ཏེ་སྐུ་དགོངས་པ་རྫོགས་པ་དང་། ཡང་ལོ་རྒྱུས་གཞན་རྣམས་སུ་ཁོང་བྲོས་བྱོལ་ལ་ཕེབས་ཏེ་མཐར་ཕྱི་ལོ་༡༧༤༦ ལོར་སོག་པོའི་ལྷོ་རྒྱུད་ཀྱི་ཨ་ལག་ཤ་རུ་དགོངས་པ་ཞི་བར་གཤེགས་ཞེས་འཁོད། 

རྒྱལ་དབང་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ་ནི། བོད་ཀྱི་ལོ་རྒྱུས་ནང་གངས་ཅན་ལྗོངས་འདི་སོག་དམག་གི་འཐབ་རྭ་ནས་མན་ཆིང་གིས་སྲུང་སྐྱོབ་གྲོགས་དན་བྱས་པའི་རྒྱལ་ཁབ་ཅིག་ཏུ་གྱུར་པའི་རྙོག་ཟིང་ཆེ་བའི་སྐབས་ཤིག་ལ་སྐུ་བལྟམས། རབ་བྱུང་གི་སྡོམ་པ་ཡོངས་སུ་སྲུངས་ཤིང་ཕྱི་ནང་རིག་གནས་མཐའ་དག་ལ་ལྷག་པར་བྱན་ཆུབ་པའི་མཁས་པ་ཞིག་ཏུ་མཆིས་ཀྱང་། ཆུང་བྱིས་པའི་དུས་ནས་སྐུ་ནར་མ་སོན་གྱི་བར་དཀའ་རྙོག་ཇི་སྙེད་ཅིག་བྱུང་བ་ལ་བརྟེན་ནས་ཆབ་སྲིད་ཀྱི་ཐུགས་འགན་མ་བཞེས་པར་ནར་མར་བཞུགས། ཕྱི་ལོ་༡༧༤༧-༡༧༥༠ བར་གྱི་དོན་རྐྱེན་ལ་གཞིགས་ཏེ་མཐར་དགུང་ལོ་ཞེ་གསུམ་ཐོག་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་སུ་བཞེས། རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་ནས་ཆོས་སྲིད་གཉིས་ཀའི་མངའ་དབང་གིས་ཕྱུག་པའི་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་ཉིད་རྒྱལ་དབང་སྐུ་ཕྲེང་བདུན་པའི་དུས་ནས་འཕེལ་རྒྱས་བྱུང་བ་དང་། ཡང་མན་ཇུ་དང་འབྲེལ་ལམ་དམ་ཟབ་བསྐྱངས་པས་རྗེས་སུ་ཆིང་རྒྱལ་རབས་ཀྱི་སུ་བོད་རྒྱའི་འབྲེལ་ལམ་གྱི་སྒྲོམ་གཞི་དེའང་ཁོང་གི་སྐུ་དུས་ནས་སྐྲུན་ཞེས་བརྗོད་ཆོག

The tenure of the Eighth Dalai Lama, Jampel Gyatso, was a tumultuous era in the Himalayan region, filled with battles and intrigues. This period saw the emergence of the first contacts between Tibet and the British, and the Manchurian representatives of the Qing Empire also managed to enhance its position in Tibet when it was called upon to eject the invading Gurkhas. The Eighth Dalai Lama was an active leader in the midst of all of this, despite being disinclined to rule.

རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་ཚོ་ནི་དགུང་ལོ་བཅུ་གཅིག་ལས་མ་བཞུགས། ཕྱི་ལོ་༡༨༠༥ ལོར་ཁམས་ཕྱོགས་སུ་འཁྲུངས། ཕྱི་ལོ་༡༨༠༨ ལ་གསེར་ཁྲིར་མངའ་གསོལ། ཕྱི་ལོ་༡༨༡༠ ལོར་ཁོང་སྐུ་ན་ཕྲ་བའི་དུས་ཕོ་བྲང་པོ་ཏ་ལ་ཉམས་གསོ་རྒྱ་ཆེར་མཛད། ཕྱི་ལོ་༡༨༡༥ ལོར་ཆོས་སྲིད་ཀྱི་ཐུགས་འགན་བཞེས་པའི་སྐུ་ནར་མ་སྨིན་པའི་སྔོན་ནས་སྐུ་མྱ་ངན་ལས་འདས།   

རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ་ནི། རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་ཁོངས་ནས་སྐུ་རབས་བཞི་ཙམ་སྐུ་གཞོན་ནུའི་དུས་སུ་གློ་བུར་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཁོངས་ནས་གཉིས་པ་དེ་ཡིན། ཁོང་དགུང་ལོ་ཉེར་གཉིས་ཐོག་དགོངས་པ་ཆོས་དབྱིངས་སུ་ཐིམ།

རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་ནི། སྐུ་ཚེ་དགུང་ལོ་བཅོ་བརྒྱད་ལས་མ་བཞུགས། ཕྱི་ལོ་༡༧༤༢ ལོར་གསེར་ཁྲིར་ཕེབས་ཏེ་ཕོ་བྲང་པོ་ཏ་ལ་དང་རི་བོ་དགེ་ལྡན་པའི་གདན་ས་གསུམ་ལ་སློབ་གཉེར་ཚུལ་བཞིན་མཛད། པཎ་ཆེན་སྐུ་ཕྲེང་བདུན་པ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། ཁོང་གིས་ནོར་གླིང་སྐལ་བཟང་ཕོ་བྲང་གི་དབུ་གཡབ་གཟིམ་ཆུང་གསར་བཞེངས་མཛད། ཕྱི་ལོ་༡༨༤༩ ལོར་གཟིམ་ཆུང་སྒོ་དབྱེའི་དགའ་སྟོན་རྒྱ་ཆེར་བསྐྱངས་པས་དེ་ལས་དེང་སང་དབྱར་སྟོན་ནམ་ནོར་གླིང་ཞོ་སྟོན་ཞེས་པ་དེ་བྱུང་བར་གྲགས།

རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ་ནི། དགུང་ལོ་ལྔ་པའི་ཐོག་གསེར་ཁྲིར་མངའ་གསོལ། དགུང་ལོ་བཅུ་བདུན་ལ་ཆབ་སྲིད་ཀྱི་ཐུགས་འགན་བཞེས། དེ་ནས་སྙུང་གཞི་དྲག་པོས་བསྙུན་ཏེ་དགུང་ལོ་བཅུ་དགུའི་ཐོག་དགོངས་པ་མྱ་ངན་ལས་འདས།

༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་ནི་འཛམ་གླིང་སྤྱི་དང་ལྷག་པར་བོད་གངས་ཅན་པའི་ལོ་རྒྱུས་ནང་དུས་ཚོད་དཀའ་རྙོག་ཆེ་ཤོས་ཤིག་གི་སྐབས་བྱོན་པ་དང་། ཁོང་ནི་ཐོག་མར་དབྱིན་ཇིའི་བཙན་འཛུལ་དང། དེ་རྗེས་མན་ཆིང་རྒྱ་ནག་གིས་བཙན་འཛུལ་བྱས་པ་ལ་བརྟེན་ནས་ཕྱི་རྒྱལ་དུ་བྲོས་བྱོལ་ལ་ཕེབས་དགོས་བྱུང་ཡོད། འོན་ཀྱང་སྐབས་དེར་ཁོང་ནས་དེང་རབས་ཀྱི་ཚན་རིག་ལག་རྩལ་དང་སྲིད་གཞུང་སྣ་ཚོགས་སོགས་ལ་མཁྱེན་རྟོགས་ཆེན་པོ་གནང་ཐུབ་པ་བྱུང་ཡོད དེ་ནས་རྒྱ་ནག་མན་ཆིང་རྒྱལ་རབས་ཀྱི་སྲིད་གཞུང་མགོ་རྟིང་ལོག་རྗེས་ཁོང་གིས་བོད་རང་བཙན་གཙང་མ་ཡིན་པའི་གསལ་བསྒྲགས་གནང་། ཁོང་གིས་གསར་བརྗེའི་ལས་འགུལ་དང་ཆོས་ལུགས་མཐུན་ལམ་སོགས་ལས་གཞི་མང་པོ་ཞིག་བརྩམས་པར་བརྟེན། རྙིང་ཞེན་ཅན་གྱི་དགེ་ལྡན་པའི་བླ་སྤྲུལ་སོགས་མང་པོ་ཞིག་གིས་འགོག་རྐྱེན་བྱས་ཤིང་། མཐའ་མ་བོད་དེ་དེང་རབས་ཅན་གྱི་ལམ་དུ་བསྐྱོད་རྒྱུའི་དགོངས་བཞེད་མངོན་གྱུར་མ་ཐུབ་པར་ལུས་སོ།།