The Treasury of Lives

འཁོར་གདོང་གཏེར་སྤྲུལ་སྐུ་ཕྲེང་གསུམ་པ་འཆི་མེད་རིག་འཛིན་རིན་པོ་ཆེ་ནི་ (༡༩༢༢-༢༠༠༢) བོད་རྒྱུད་ནང་བསྟན་གྱི་དུས་རབས་ཉི་ཤུ་པའི་ནང་སྙན་གྲགས་ཆེ་བའི་བླ་མ་ཞིག་ཡིན། དགུང་ལོ་བཞི་པར་ཕེབས་སྐབས་སྤྲུལ་སྐུ་ཚུལ་བློ་ཚུལ་ཁྲིམས་བཟང་པོས་འཁོར་གདོང་གཏེར་ཆེན་ནུས་ལྡན་རྡོ་རྗེའི་ཡང་སྲིད་དུ་ངོས་འཛིན་གནང་ནས་འཁོར་གདོང་དགོན་པར་ཁྲི་འདོན་གནང་། དགུང་ལོ་བཅོ་བརྒྱད་ལ་རྒྱ་གར་དུ་ཕེབས། སྤྱི་ལོ་ ༡༩༥༤ ལོར་བི་ཤྭ་བྷ་ར་ཏི་གཙུག་ལག་སློབ་གཉེར་ཁང་ཤཱནྟི་ནི་ཀེ་ཏན་དུ་གཙུག་ལག་སློབ་་དཔོན་གྱི་གོ་གནས་བཞེས། ཁོང་ནི་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་སློབ་དཔོན་གྱི་གོ་གནས་བཞེས་མཁན་གྱི་བོད་མི་ཐོག་མ་ཡིན། ཁོང་གིས་བོད་ནས་བཀའ་དང་བསྟན་བཅོས་དུ་མ་གཙུག་ལག་སློབ་གཉེར་ཁང་དུ་གདན་དྲངས་ནས་དཔེ་མཛོད་ཁང་གི་རྨང་གཞི་བཏིངས། དེ་བཞིན་ཉམས་ཞིབ་ཀྱི་ལས་དོན་ཆེད་དོ་ཁུར་བླངས་ནས་ཕྱིའི་རྒྱལ་ཁབ་དུ་མར་ཕེབས། རྒྱ་གར་དང་ཕྱི་རྒྱལ་ཁག་ཏུ་སློབ་མ་གྲངས་ལས་འདས་པ་བྱུང་།


Ritiman Das is a research scholar at the Department of Indo-Tibetan Studies, Visva-Bharati University. He has translated the biography of Seventeen Nālandā Panditas into Bengali.

Published July 2021

དཔྱད་གཞིའི་ཡིག་ཆ་ཁག།

C.R. Lama. 1982. Dhammapada. Sarnath: CIHTS.

C.R. Lama.2013. Collected works of C.R. Lama. James Low, editor. London: Simply Being.

Losaries, Andrea 2010. "Indo-Tibetan Studies at Visva-Bharati, Santiniketan: Challenges Of A Heritage Research Department In India." In Heritage Conservation and Research in India: 60 Years of Indo-Austrian Collaboration. Gabriela Krist, editor. Vienna: Böhlau.

Śrī C.R. Lama. 1981. "Tibbatī Tsod Sādhanā par Cha Prajnaparamitaon Ka Pravab Tathā Tantrik Yog-Sādhanā" Buddha Tathā Anya Bhāratīya Yoga Sādhanā, pp. 265-282.

གང་ཟག་འདིའི་གསུང་རྩོམ་ཁག་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་སུ་འཚོལ།