བཻ་རོ་ཙ་ན་བ་ཛྲ་ནི་རྒྱ་གར་ཨོ་ཌི་བི་ཤའམ་ཨོ་རི་སའི་ཡུལ་མི་ཡིན་ཞིང་། དུས་རབས་བཅུ་གཉིས་པའི་དཀྱིལ་གྱི་ལོ་ངོ་བཅུ་ཕྲག་འགའི་རིང་བོད་ནང་བཞུགས། བོད་ཀྱི་སྐད་ཡིག་གང་འཚམས་བསླབས། རྗེས་སུ་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་དང་། ཞང་གཡུ་བྲག་པ་སོགས་མཉམ་མེད་བཀའ་བརྒྱུད་པའི་ལུགས་འདྲ་མིན་གྱི་སློབ་མ་མང་པོ་རྗེས་སུ་བཟུང་། ཁོང་གིས་རྒྱ་གར་གྲུབ་ཆེན་རྣམས་ཀྱི་དོ་ཧ་ཁག་གཅིག་ལོ་ཙྭ་གཞན་ལ་མ་བརྟེན་པར་བོད་སྐད་ཐོག་བསྒྱུར།
དཔྱད་གཞིའི་ཡིག་ཆ་ཁག།
A mgon rin po che. 2004.Bla ma bai ro'i rnam thar. In'Bri gung bka' brgyud chos mdzod chen mo, vol. 85, pp. 190-197. Lhasa.TBRC W00JW501203.
Roerich, George, trans. 1996.The Blue Annals. 2nd ed. Delhi: Motilal Banarsidas, pp. 844-6.
Schaeffer, Kurtis. 2000. “The Religious Career of Vairocanavajra: A Twelfth-Century Indian Buddhist Master from Daksina Kosala.”Journal of Indian Philosophy, vol. 28, no. 4, pp. 361-84.