སྦྲ་མགོ་བ་བརྩོན་འགྲུས་རྒྱ་མཚོ་ནི་དུས་རབས་བཅོ་བརྒྱད་པའི་ནང་དུ་ཀཿཐོག་དགོན་དུ་ཅུང་སྙན་པ་རྒྱས་པའི་མཁས་ཆེན་ཞིག་ཡིན་ལ། ཀཿཐོག་དགོན་གྱི་སྟོད་ཅིག་ལ་སྦྲ་མགོ་ཞེས་པའི་སྒྲུབ་སྡེ་ཞིག་ཕྱག་བཏབ་པས་ཁོང་ལའང་སྦྲ་མགོ་བ་ཞེས་ཐོགས། ཁོང་རང་ཉིད་ཀྱི་སྤྲུལ་སྐུ་ཡིན་པར་མི་དགོངས་ནའང་། མི་རྣམས་ཀྱིས་ཁོང་ཉིད་ཕྱག་ཚ་སྐུ་ཕྲེང་རིམ་བྱོན་གྱི་གྲས་སུ་བརྩི་བར་བྱེད།
དཔྱད་གཞིའི་ཡིག་ཆ་ཁག།
'Jam dbyangs rgyal mtshan. 1996.Rgyal ba kaH thog pa’i lo rgyus mdor bsdus.Si khron mi rigs dpe skrun khang, p.102.