ཁྲི་ཆེན་སྨོན་ལམ་དཔལ་བ་ནི་༧རྒྱལ་དབང་སྐུ་ཕྲེང་དང་པོ་དང་རྗེ་ཤེས་རབ་སེངྒེ་གཉིས་ཀྱི་སློབ་མ་ཞིག་ཡིན། གཙང་བཀྲ་ཤིས་ལྷུན་པོར་སློབ་གཉེར་མཛད། རྗེས་སུ་འབྲས་སྤུངས་དང་དགའ་ལྡན་དགོན་པའི་མཁན་པོར་མངའ་གསོལ། ཁོང་དགའ་ལྡན་ཁྲི་ཐོག་བརྒྱད་པའི་མཛད་འགན་བཞེས་སྐབས་དགོན་པར་རྒྱལ་བ་བྱམས་པའི་ལྷ་ཁང་ཞིག་གསར་དུ་བཞེངས།
དཔྱད་གཞིའི་ཡིག་ཆ་ཁག།
Grags pa 'byung gnas. 1992.Gangs can mkhas grub rim byon mingmdzod. Lanzhou: Kan su'u mi rigs dpe skrun khang, pp. 1576-77
Sde srid sangs rgyas rgya mtsho. 1989 (1698).Dga' ldan chos 'byung baiDU r+ya ser po. Beijing: Krung go bod kyi shes rig dpe skrun khang, pp. 78-79.