ས་སྐྱ་རྗེ་བཙུན་མ་རྟ་མགྲིན་དབང་མོ་ནི་ཕྱི་ལོ་དུས་རབས་བཅུ་དགུ་པའི་ནང་གི་ཁྱད་དུ་འཕགས་པའི་ས་སྐྱའི་སློབ་དཔོན་དང་ཉམས་ལེན་པ་ཞིག་ཡིན། ས་སྐྱའི་གདུང་རབས་ལོ་རྒྱུས་དེབ་ཐེར་ནང་དམིགས་སུ་བཀར་ཏེ་སྐུ་༷ཚེའི་མཛད་འཕྲིན་རྣམས་ཟུར་འགོད་ཆེད་བརྗོད་བྱས་པའི་བུད་མེད་གཅིག་པུ་དེ་ཡིན། ཁོང་ལ་སློབ་མ་གྲངས་ལས་འདས་པ་བྱུང་བའི་ནང་ནས་གྲགས་ཆེ་བ་ནི་དཔལ་ས་སྐྱ་ཁྲི་འཛིན་གདུང་རབས་གསུམ་དང་། ས་སྐྱའི་ཁྱིམ་རྒྱུད། དབུས་གཙང་དང་ཁམས་ཕྱོགས་སུ་བཞུགས་པའི་ས་སྐྱའི་སྐྱེ་ཆེན་རྣམས་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ས་སྐྱ་ཁྲི་འཛིན་སོ་དགུ་པ་དྲག་ཤུལ་འཕྲིན་ལས་རིན་ཆེན་གྱིས་ཁོང་གི་རྣམ་ཐར་ཞིག་བརྩམས། ལམ་འབྲས་ཚོགས་བཤད་དང་སློབ་བཤད་གཉིས་ཀའི་མན་ངག་གི་བརྒྱུད་པ་འཛིན་པའི་བུད་མེད་སྐྱེས་ཆེན་ཉུང་ཤས་ཤིག་ཡོད་པའི་ཁོངས་ཡིན་ལ། ཁོང་གིས་ལམ་འབྲས་ཚོགས་སློབ་ཀྱི་ཆོས་ཡང་འཆད་སྤེལ་མཛད།
དཔྱད་གཞིའི་ཡིག་ཆ་ཁག།
Dge bshe thugs rje dbang phyug. N.d. Sa skya'i rje btsun ma rnams kyi skor phran bu bshugs so. Unpublished Manuscript
Drag shul 'phrin las rin chen. 1992. Sa skya'i gdung rabs ngo mtshar rin chen kun 'phel, pp. 413-417. Chengdu: Si khron mi rigs dpe skrun khang. W27310.
Drag shul 'phrin las rin chen. 1974. Rdo rje 'chang drag shul phrin las rin chen gyi rtogs brjod. Dehra Dun: Sakya Center. W27318.
Tshe ring dbang rgyal and Ya ma mgon po. 2005. Glang nag dgon pa’i lo rgyus mthong gsal shel gyi me long. Beijing: Mi rigs dpe skrun khang.