The Treasury of Lives

སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་ནི་དུས་རབས་བཅུ་དགུ་པའི་དགེ་ལུགས་པའི་མཁས་གྲུབ་ཆེན་པོ་ཡིན་ལ། ཁོང་ནི་རིགས་སོག་པོ་ཨོ་རོད་ཚོ་བའི་ཇུན་གར་བ་ཡིན་ཤོས་ཆེ། ཁོང་གིས་སོག་ཡུལ་དང་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཐོས་བསམ་མཛད་ཅིང་། དགོན་ལུང་དང་། འབྲས་ཡུལ་སྐྱིད་ཚལ་དགོན། བཀྲ་ཤིས་ཆོས་ལུང་། གསེར་ལུང་སོགས་དགོན་སྡེ་མང་པོར་ཁྲི་པའི་འགན་བཞེས་མྱོང་ལ། དགའ་ལྡན་ཆོས་རྫོང་རི་ཁྲོད་ཕྱག་འདེབས་མཛད། གོང་མ་ཆན་ལུང་གི་བཀའ་ལྟར་རྒྱ་ནག་ཏུ་ཐེངས་འགར་ཕེབས། སོག་ཡུལ་དུ་འཆད་ཉན་སྤེལ་ཅིང་ལུང་དང་དབང་སོགས་གནང་བཞིན་ལོ་ངོ་བརྒྱད་ཙམ་ལ་བཞུགས། ཁོང་ནི་རྩོམ་པ་པོ་གྲགས་ཆེན་ཞིག་ཡིན་ལ། ཨ་མདོའི་ལོ་རྒྱུས་དང་། འཕགས་ཡུལ་རྒྱ་ནག་ཆེན་པོ་བོད་དང་སོག་ཡུལ་རྣམས་སུ་དམ་པའི་ཆོས་བྱུང་ཚུལ་དཔག་བསམ་ལྗོན་ཤིང་སོགས་མཛད་པས་ཤིན་ཏུ་སྙན་གྲགས་ཆེ། དུས་རབས་བཅོ་བརྒྱད་པའི་དུས་འགོར་སོག་པོའི་ཚོ་ཤོག་དང་མན་ཇུ་གོང་མ་གཉིས་ཀྱིས་བོད་ཀྱི་སྲིད་དབང་བརྩད་དེ། བོད་འབངས་ཀྱི་གྱེན་ལངས་བྱེད་སྐབས་ཁོང་ཡང་ལྷ་ས་རུ་བཞུགས་ལ། གསུང་རྩོམ་དུའང་དགེ་ལུགས་ཕྱོགས་ལ་ཞེན་པ་ཤིན་ཏུ་གསལ།


Samten Chhosphel earned his PhD from CIHTS in India where he served as the head of Publication Dept. for 26 years. He has a Master’s degree in Writing and Publishing from Emerson College, Boston. Currently he is an adjunct Assistant Professor at the City University of New York, and Language Associate in Columbia University, NY.

Published November 2010

དཔྱད་གཞིའི་ཡིག་ཆ་ཁག།

Das, Sarat Chandra. 1889. "Life of Sum-pa mkhan-po, also styled Ye-ses dpal-'byor, the author of Rehumig (Chronological Table)." Journal of the Asiatic Society of Bengal, vol. 57, pp. 37-84.

de Jong, J. W. 1967. "Sum-pa mkhan-po (1704-1788) and His Works." Harvard Journal of Asiatic Studies, Vol. 27, pp. 208-216.

Don rdor and Bstan 'dzin chos grags. 1993. Gangs ljongs lo rgyus thog gi grags can mi sna. Lhasa: Bod ljongs mi dmangs dpe skrun khang, pp. 762-764.

Erdenibayar. 2007. Sumpa Khenpo Ishibaljur. A great figure in Mongolian and Tibetan cultures. In Uradyn E. Bulag, Hildegard G. M. Diemberger, The Mongolia-Tibet interface. Opening new research terrains in Inner Asia. Tibetan studies: Proceedings of the Tenth Eeminar of the International Association for Tibetan Studies. Brill: Oxford, 2003.

Matthew Kapstein. 2000. The Tibetan Assimilation of Buddhism. Oxford: Oxford University Press, Chapter Seven.

Grags pa 'byungs gnas and Blo bzang mkhas grub. 1992. Gangs can mkhas sgrub rim byon ming mdzod, Lanzhou: Kan su'u mi rigs dpe skrun khang, pp. 1767-1768.

Mi nyag mgon po. 1996-2000. Sum pa ye shes dpal 'byor gyi rnam thar mdor bsdus/ (1704-1788). In Gangs can mkhas dbang rim byon gyi rnam thar mdor bsdus, pp. 462-473. Beijing: Krung go'i bod kyi shes rig dpe skrun khang.

Sum pa ye shes dpal 'jor. 1997. Sum pa ye shes dpal 'jor gyi rang rnam. Lanzhou: Kan su'u mi rigs dpe skrun khang.

གང་ཟག་འདིའི་གསུང་རྩོམ་ཁག་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་སུ་འཚོལ།