སུམ་པ་དམ་ཆོས་རྒྱ་མཚོ་ནི་ཨ་མདོ་ཕྱོགས་ཀྱི་དགེ་ལུགས་པའི་སྡེ་ཡི་མཁས་གྲུབ་ཆེན་པོ་ཞིག་ཡིན་ལ། ཁོང་གིས་བཀྲ་ཤིས་ལྷུན་པོ་དང་། འབྲས་སྤུངས། རྒྱུད་སྨད་གྲྭ་ཚང་བཅས་སུ་ཐོས་བསམ་མཛད་ཅིང་། ཕྱིས་སུ་ཆབ་མདོ་བྱམས་པ་གླིང་དུ་སློབ་དཔོན་གྱི་འགན་བཞེས། དུས་རབས་བཅུ་བདུན་པའི་དུས་འགོར་དགོན་ལུང་བྱམས་པ་གླིང་འདེབས་སྐབས་མི་སྣ་གཙོ་ཤོས་ཀྱི་གྲས་ཡིན་ལ། དགོན་དེ་ཉིད་ཀྱི་ཁྲི་རབས་དང་པོ་དང་བཞི་པ་བཅས་ཁྲི་པ་ཐེངས་གཉིས་ལ་འཁུར་ཏེ་དགོན་པའི་འཆད་ཉན་གྱི་སྲོལ་བཙུགས།
དཔྱད་གཞིའི་ཡིག་ཆ་ཁག།
Dkon mchog bstan pa rab rgyas. 1982.Do smad chos 'byung. Lanzhou: Kan-su'u mi dmangs dpe skrun khang, p. 57.
Grags pa 'byung gnas and Rgyal ba blo bzang mkhas grub. 1992.Gangs can mkhas grub rim byon mingmdzod. Lanzhou: Kan su'u mi rigs dpe skrun khang, 1762-1764.