སུམ་པ་ཞབས་དྲུང་ཕུན་ཚོགས་རྣམ་རྒྱལ་ནི་དགོན་ལུང་བྱམས་པ་གླིང་གི་ཁྲི་རབས་ཉེར་བདུན་པ་འགན་བཞེས་མཁན་གྱི་དགེ་ལུགས་པའི་བླ་མ་ཞིག་ཡིན་ལ། ཁོང་ནི་སུམ་པ་ཞབས་དྲུང་ཞེས་བྱ་བའི་སྤྲུལ་སྐུར་ངོས་འཛིན་གནང་། དབུས་སུ་ཆོས་གྲྭ་འགྲིམ་ཏེ་ཐོས་མཛད་ཅིང་། ཕྱིར་ཨ་མདོར་ལོག་རྗེས་བྱང་ཆུབ་གླིང་དང་བཀྲ་ཤིས་གླིང་གཉིས་སུ་བླ་མ་མཛད། ཁོང་གིས་འཚོ་བ་ངན་ངོན་འབའ་ཞིག་བརྟེན་ཞིང་ཚེ་སྨད་ཕལ་ཆེར་རི་ཁྲོད་འགྲིམ་ཞིང་བུ་སློབ་བསྐྱངས་ནས་དུས་འདའ་བར་མཛད་དོ།
དཔྱད་གཞིའི་ཡིག་ཆ་ཁག།
Grags pa 'byung gnas and Rgyal ba blo bzang mkhas grub. 1992. Gangs can mkhas grub rim byon ming mdzod. Lanzhou: Kan su'u mi rigs dpe skrun khang, pp. 1764-1766.
Mgon po dbang rgyal. 2000. Rgyal rabs lo tshigs shes bya mang 'dus mkhas pa'i spyi nor, Beijing: Mi rigs dpe skrun khang, p. 366. TBRC W21015.