ཨོ་རྒྱན་གླིང་པ་ནི་ཅུང་སྔ་ཤོས་ཀྱི་གཏེར་སྟོན་གྲགས་ཅན་ཞིག་ཡིན་ལ། ཨོ་རྒྱན་པདྨ་འབྱུང་གནས་ཀྱི་མཛད་རྣམ་དང་འབྲེལ་བའི་ཡིག་ཆ་གལ་ཆེན་པདྨ་བཀའ་ཐང་དང་བཀའ་ཐང་སྡེ་ལྔ་གཏེར་ལས་བཞེས་པར་མཛད། གཞན་ཡང་བསྡོམས་པས་གཏེར་ཆོས་ཉེར་བརྒྱད་གཏེར་ལས་བཞེས་པར་གྲགས། ཁོང་ནི་ཁྲི་སྲོང་ལྡེ་བཙན་གྱི་སྲས་འབྲིང་པ་ལྷ་སྲས་ཀྱི་རྣམ་སྤྲུལ་བདུན་པར་གསུང་ཞིང་། ཕྱིས་སུ་ཕག་མོ་གྲུབ་པའི་སྲིད་དབང་དང་འགལ་བས་ཚེ་སྨད་དུ་ཡུལ་གྱར་གྱི་ཚུལ་དུ་འཚོ་དགོས་བྱུང་། འདི་ཙམ་ལས་ཁོང་གི་མཛད་རྣམ་གཞན་མཐོང་བའི་ཡུལ་དུ་མ་གྱུར་ཏོ།
དཔྱད་གཞིའི་ཡིག་ཆ་ཁག།
Bradburn, Leslie, ed. 1995. Masters of the Nyingma Lineage. Cazadero: Dharma Publications, 1995, pp. 168-169.
Dudjom Rinpoche. 2002. The Nyingma School of Tibetan Buddhism. Trans. Gyurme Dorje and Matthew Kapstein. Boston: Wisdom.
'Jam mgon kong sprul blo gros mtha' yas. 2007. Gter ston brgya rtsa. In Rin chen gter mdzod chen mo. New Delhi: Shechen, v.1 pp 65a-67a.
Karma mi 'gyur dbang rgyal. 1978. Gter bton brgya rtsa'i mtshan sdom gsol 'debs chos rgyal bkra shis stobs rgyal gyi mdzad pa'i 'grel pa lo rgyus gter bton cho 'byung. Darjeeling: Taklung Tsetrul Rinpoche Pema Wangyal, Orgyen Kunsang Chokhor Ling, pp. 98.2 ff.
Kapstein, Matthew. 2000. The Tibetan Assimilation of Buddhism. Oxford: Oxford University Press, pp 165-166.