The Treasury of Lives

ཧོར་ཚང་གསེར་ཁྲི་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་གྱིས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཐོས་བསམ་མཛད་ཅིང་།  དེ་རུ་ལོ་ངོ་གསུམ་ལ་ཁྲི་པའོ་འགན་བཞེས་ཏེ། འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་པའི་ཐུགས་དགོངས་ལྟར་སྒྲོལ་དཀར་ལྷ་ཁང་བཞེངས། གཞན་ཡང་དངུལ་རྭ་དགོན་གྱི་ཁྲི་པ་དང་ཤིས་ཚང་དགོན་གྱི་ཁྲི་རབས་ཞེ་བཞི་པའི་འགན་བཞེས། ཚེ་སྨད་དུ་དབུས་སུ་ཕེབས་ནའང་དེའི་རྗེས་ཀྱི་མཛད་རྣམ་གསལ་བོ་ཞིག་མི་འདུག སྤྱི་ལོ ༡༩༥༨ ལོར་དགོངས་པ་གཤེགས། 


Samten Chhosphel earned his PhD from CIHTS in India where he served as the head of Publication Dept. for 26 years. He has a Master’s degree in Writing and Publishing from Emerson College, Boston. Currently he is an adjunct Assistant Professor at the City University of New York, and Language Associate in Columbia University, NY.

Published January 2011

དཔྱད་གཞིའི་ཡིག་ཆ་ཁག།

Bstan pa bstan 'dzin. 2003.Chos sde chen pod pel ldan 'bras spungs bkra shis sgo mang grwa tshang gi chos 'byung chos dung g.yas su 'khyil ba'i sgra dbyangs.Lhasa: Dpal ldan 'bras spungs bkra shis sgo mang dpe mdzod khang, pp. 316-318.

གང་ཟག་འདིའི་གསུང་རྩོམ་ཁག་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་སུ་འཚོལ།