བློ་བཟང་ཉི་མ་ནི་རྗེ་ཙོང་ཁ་པ་ཆེན་པོའི་ཡང་ཚ་དང་། ༧རྒྱལ་དབང་སྐུ་ཕྲེང་དང་པོའི་ཐུགས་སྲས་ཤིག་ཡིན། གསང་ཕུ་སོགས་དབུས་གཙང་ཁུལ་གྱི་གདན་ས་ཁག་ཏུ་སློབ་གཉེར་གནང་། འབྲས་སྤུངས་སོགས་དགོན་པ་མང་པོའི་མཁན་པོ་མཛད། དེ་ནས་དགའ་ལྡན་ཁྲི་ཐོག་དགུ་པར་མངའ་གསོལ་ཞིང་། ཕྱི་ལོ་༡༤༩༠ ནས་༡༤༩༢ བར་ལོ་ངོ་གསུམ་གྱི་རིང་ཁྲི་པ་མཛད།
དཔྱད་གཞིའི་ཡིག་ཆ་ཁག།
Grags pa 'byung gnas. 1992. Gangs can mkhas grub rim byon ming mdzod. Lanzhou: Kan su'u mi rigs dpe skrun khang, pp. 655-656.
Sde srid sangs rgyas rgya mtsho. 1989 (1698). Dga' ldan chos 'byung baiDU r+ya ser po. Beijing: Krung go bod kyi shes rig dpe skrun khang, p. 79.