The Treasury of Lives

མཁན་པོ་མུན་སེལ་ནི་དུས་རབས་ཉི་ཤུ་པར་བྱོན་པའི་སྔ་འགྱུར་རྙིང་མའི་བླ་མ་མཚན་སྙན་ཆེ་ཤོས་ཀྱི་གྲས་ཤིག་ཡིན་ཏེ། ཁོང་ནི་ཀཿཐོག་དགོན་གྱི་རྫོགས་ཆེན་བརྒྱུད་པའི་བསྟན་འཛིན་གྱི་སྐྱེས་ཆེན་ཡིན་པའང་མཁན་པོ་ངག་དབང་དཔལ་བཟང་གི་སློབ་མ་ཡིན་ཅིང་། རྫོགས་ཆེན་དགོན་པའི་ཤྲཱི་སིཾཧ་བཤད་གྲྭའི་མཁན་རབས་བཅུ་བདུན་པའི་ཐུགས་འགན་བཞེས་མྱོང་། བར་སྐབས་དུ་མི་ལོ་༢༢རིང་ངལ་རྩོལ་བསྒྱུར་བཀོད་ཅེས་པའི་བཙོན་བཟུང་བཀག་ཉར་ནར་མར་མྱངས། བཙོན་ཁང་ནང་བཞུགས་རིང་སྒར་ཆེན་སྐུ་ཕྲེང་བརྒྱད་པའི་རྩ་བའི་བླ་མ་མཛད་ཅིང་ཨ་ལྡེའུ་རིན་པོ་ཆེ་ལ་ཡང་རྫོགས་པ་ཆེན་པོའི་གདམས་པ་མང་པོ་གནང་། བཙོན་ཁང་ནས་གློད་གྲོལ་ཐོབ་རྗེས་མགོ་ལོག་ཁུལ་དུ་བཀྲ་ཤིས་ཆོས་འཁོར་གླིང་དགོན་པ་ཕྱག་བཏབ། ཡང་ཁམས་ཁུལ་དུ་སྒོམ་མེད་འོད་གསལ་ཐང་ཞེས་པའི་ཆོས་སྒར་ཞིག་ཀྱང་གསར་འཛུགས་གནང་། ཕྱི་ལོ་༡༩༩༤ ལོར་སྐུའི་བཀོད་པ་མ་བསྡུས་ཀྱི་བར་དམ་ཆོས་འཆད་སྤེལ་སོགས་ཀྱིས་རྒྱལ་བསྟན་སྤྱི་དང་ལྷག་པར་སྔ་འགྱུར་རྙིང་མའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་འཕྲིན་རླབས་ཆེན་བསྐྱངས།


Samten Chhosphel earned his PhD from CIHTS in India where he served as the head of Publication Dept. for 26 years. He has a Master’s degree in Writing and Publishing from Emerson College, Boston. Currently he is an adjunct Assistant Professor at the City University of New York, and Language Associate in Columbia University, NY.

Published March 2013

དཔྱད་གཞིའི་ཡིག་ཆ་ཁག།

'Jam dbyangs rgyal mtshan. 1996.Rgyal ba kaH thog pa'i lo rgyus mdor bsdus.Chengdu: Si khron mi rigs dpe skrun khang, p. 152-153.W20396

Khenchen Munsel. 2011.Rdo rje 'chang dngos mkhan chen mun sel mchog gi zab gsung gces bsdus dang nyer mkho khag cig.Kathmandou: Thrangu tashi choling.W1KG10749

Nyoshul Khenpo. 2005.A Marvelous Garland of Rare Gems: Biographies of Masters of Awareness in the Dzogchen Lineage.Junction City, California: Padma Publishing, pp. 524-526

Tshe ring ryal mtshan. 1998.Snyigs dus bstan pa'i sgron me khyab bdag rdo rje 'chang mkhan chen chos kyi rgyal po mun sel rin po che'i rnam thar mthong ba don ldan.Chengdu: Bod rdzogs chen lhan tshogs, pp. 1-51.TBRC 21967

གང་ཟག་འདིའི་གསུང་རྩོམ་ཁག་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་སུ་འཚོལ།