བྱང་ཆུབ་བརྩོན་འགྲུས་ནི་འབྲུག་གི་དཔོན་རིགས་གཙོ་ཤོས་ཀྲོང་གསར་སློབ་དཔོན་འཇིགས་མེད་རྣམ་རྒྱལ་གྱི་བླ་མ་གཙོ་བོ་དང་། བྱ་རོག་གདོང་ཆེན་ཞེས་པའི་སྲུང་འཁོར་གྱི་ནུས་པ་ཅན་གྱི་ཞྭ་མོ་དེ་གསར་བཏོད་མཛད། ཁོང་ནི་བོད་ཀྱི་བྱང་ཁུལ་དུ་སྐུ་འཁྲུངས་ཤིང་གཞོན་དུས་ནས་འབྲུག་དང་འབྲེལ་ཆེ་ལ། མི་ཚེ་ཕལ་ཆེར་འབྲུག་དང་བོད་ཀྱི་བར་དང་། ལྷག་པར་ལྷོ་བྲག་དང་འབུམ་ཐང་བར་འགྲུལ་བཞུད་མཛད། ཁོང་ནི་ཡུལ་གྲུ་གང་སར་རང་དབང་སྒོས་ཕེབས་བཞུད་མཛད་པར་མོས་ཤིང་། ཆོས་རྒྱུད་གྲུབ་མཐའ་ཀུན་ལ་སྤྲོ་ཆེ་བ། ཟིང་ཟང་གི་ནོར་ལོགས་སྤྱོད་སྤངས་པའི་བླ་མ་ཞིག་ཡིན། འབྲུག་ཏུ་ཀླུ་དང་རྒྱལ་པོ་བཏུལ་བས་ལྷག་པར་སྙན་གྲགས་ཆེ་ཞིང་འཕྲིན་ལས་རྒྱས་པར་གྱུར།
དཔྱད་གཞིའི་ཡིག་ཆ་ཁག།
Aris, Michael. 1994. The Raven Crown. London: Serindia
Kun dga' dpal bzang po gzhan phan rol ba'i rdo rje. 1859. Rdo rje 'dzin pa chen po 'phrin las mkha' khyab mchog gi rdo rje am Byang chub brtson 'grus kyi rtogs pa brjod pa ngo mtshar nor bu'i snying po. In Byang chub bka' 'bum, vol. ka, 172 folios. (woodblocks preserved at Trongsa dzong. Thimphu: National Library.
Padma Tshedwang. 1994. 'Brug gi rgyal rabs slob dpon padma tshe dbang gis sbyar 'brug gsal ba'i sgron me. Thimphu: National Library.
Pommaret, Françoise. 2004. “The fascinating life of lama Jangchub Tsondru (1817-1856) according to his biography.” In Karma Ura and Sonam Kinga, eds., The Spider and the Piglet: Proceedings of the First International Seminar on Bhutan Studies. Thimphu: Centre for Bhutan Studies, pp. 73-89.