རྒྱ་ར་སྐུ་ཕྲེང་བརྒྱད་པ་བློ་བཟང་བསྟན་འཛིན་ཆོས་ཀྱི་དབང་ཕྱུག་ནི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་ཐུགས་ཐག་བཅད་ཅིང་། འབྲས་སྤུངས་དགོན་དུ་སྟོང་དཔོན་རིན་པོ་ཆེ་དང་། ཕ་བོང་ཁ་སྐུ་ཕྲེང་དང་པོ། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ཡོངས་འཛིན་རྒན་གཞོན་གཉིས་སོགས་ལས་ཐོས་བསམ་མང་དུ་མཛད་ཅིང་། རྒྱ་ར་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་གྲུ་གུ་དགོན་དུ་ཁྲི་པའི་འགན་བཞེས་པ་དང་། གཞན་ཡང་ཁམས་ཀྱི་དགོན་སྡེ་ལྔ་བཅུ་ལྷག་ཏུ་འཆད་ཉན་སྤེལ་བར་མཛད། རྒྱ་ར་སྐུ་ཕྲེང་རིམ་བྱོན་ནི་རྗེ་ཙོང་ཁ་པའི་དངོས་སློབ་རྒྱ་ར་སངས་རྒྱས་ཡེ་ཤེས་ཀྱི་རྣམ་སྤྲུལ་ཡིན་པར་གསུང་།
དཔྱད་གཞིའི་ཡིག་ཆ་ཁག།
Byams pa chos grags. N.d. Chab mdo byams pa gling gi gdan rabs. Chamdo: Chab mdo par 'debs bzo grwa par btab, pp. 454-58.